e-texts navigator
Collection
Volume
Page
Wylie

117a1 ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་འཛིན་པའི་ཁུ་ཚུར་གྱིས་སོ།། རང་ཉིད་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དངོས་གོ
117a2 རྣམས་སྟོན་པ་ལ་ནི་རྡོ་རྗེ་ལྗགས་ཀྱི་མཆོག་གི་ཁྲུ་ཚུར་གྱིས་སོ།། རྡོ་རྗེ་འཛིན་པ་ཉིད་ལ་ན་རྡོ་རྗེ་བསྙེམས་པའི་ཁུ་ཚུར་གྱིས་སོ།། སངས་རྒྱས་ཉིད་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད
117a3 ཀྱི་རྡོ་རྗེའི་ཁུ་ཚུར་གྱིས་སོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། ཕྱག་རྒྱ་ཐམས་ཅད་ཀྱི་ཁུ་ཚུར་གྱི་དམ་ཚིག་ཅེས་བྱ་བ་རྟོག་པའི་རྒྱལ་པོ་ཆེན
117a4 པོ་རྫོགས་སྷོ།། ། དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ་བཞིན་གཤེགས་པས་ཡང་འཁོར་ལོ་ལྟར་ཡི་གིས་བསྐོར་བ་ཞེས་བྱ
117a5 བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། ངོ་བོ་ཉིད་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པའོ།། མཚན་མ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མཚན་མ་མེད
117a6 བའོ།། སྨོན་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མཚན་མ་མེད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ།།
117a7 དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དོན་འདི་ཉིད་རྒྱ་ཆེར་སྟོན་ཏེ། བཞིན་འཛུམ་བཞིན་དུ་རལ་གྲི་དེས། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་ཤིང




iiif viewer powered by OpenSeadragon

116b - 117b

Texts on this page

F476 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po