e-texts navigator
Collection
Volume
Page
Wylie

116b1 པ་འཛིན་པའོ།། ལྷོའི་མཚམས་སུ་ཕྱག་རྒྱའི་ཁུ་ཆུར་བྱ་བ་དང་། གཉིས་པ་ལ་ནི་ནོར་བུ་ཁུ་ཚུར་ཞེས་བྱ་བ་དང་། གསུམ་པ་ནི་ཆོས་ཀྱི་ཁུ་ཚུར་ཞེས་བྱ་བ་དང་། བཞི་པ་ལ་ནི་ལས་ཀྱི་ཁྭ།
116b2 ཆུར་ཞེས་བྱ་བ་རང་གི་ཕྱག་རྒྱ་དང་། ཕྱག་མཚན་ཡང་འཛིན་པར་བྱའོ།། སྒོ་རྣམས་སུ་ནི་རྡོ་རྗེ་བསྙེམས་པ་ལ་སོགས་པའི་ཕྱག་རྒྱའི་ལྷ་མོ་རྣམས་བྲི་བར་བྱའོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ
116b3 ཡོངས་སུ་བཟུང་བ་རང་ཉིད་ཞུགས་ནས་ཕྱག་རྒྱ་ཐམས་ཅད་ཀྱི་སློབ་དཔོན་དུ་འགྱུར་རོ།། དེ་ནས་བརྩམས་ཏེ་དངོས་གྲུབ་ཐམས་ཅད་དོན་ཡོད་པར་འཐོབ་པར་འགྱུར་རོ།། དེ་ནས་ཐམ་ཅད
116b4 ཀྱི་ཡེ་ཤེས་ཀྱི་དབང་ཕྱུག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་བྱང་ཆུབ་ཏུ་མྱུར་བར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། དེར་ཞུགས་ནས་ཕྱག་རྒྱ་བཅིངས་པ་བཅོམ་ལྡན་འདས
116b5 ལུས་བསླབ་པ་བྱ་ཞིང་། རྡོ་རྗེ་མིང་གིས་དབང་བསྐུར་འདི་སྐད་བརྗོད་པར་བྱའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། གཟུགས་བརྙན་ལྟ་བུར་སྦྱོར་བ་ཡི། ཕྱག་རྒྱ་ཀུན་ཅེས་བྱ་བ་བསྒྲབ།
116b6 དམ་ཚིག་དངོས་གྲུབ་སྟེར་བའོ།། སློབ་མ་བཞུགས་པའང་དེ་བཞིན་ནོ།། ཕྱག་རྒྱ་ཐམས་ཅད་ཀྱི་དཀྱིལ་འཁོར་རོ།། བསྒྲུབ་པ་དང་དངོས་གྲུབ་ཀྱང་དེ་བཞིན་ནོ།། དེ་ནས་མ་གྲུབ
116b7 བའི་ལས་རྣམས་ཀྱང་དེ་བཞིན་ཏེ།། ཕྱག་རྒྱ་ཐམས་ཅད་བཅིང་བ་བསྒྲུབ་པ་ལ།། སྙིང་ཁར་རྡོ་རྗེ་ཁུ་ཚུར་གྱིས་སོ།། ཕྱག་རྒྱ་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་ཆེན་པོའི་ཁུ་ཚུར་གྱིས་སོ།།




iiif viewer powered by OpenSeadragon

116a - 117a

Texts on this page

F476 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po