| e-texts navigator |
| Wylie |
116a1 སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་ཉིད་དུ་དེ་བཞིན་གཤེགས་པ་ཐད
116a2 ལ་སོགས་པ་དངོས་གྲུབ་མཆོག་གི་རྒྱུད་རྒྱས་བཏབ་པོ།། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱིས་ཡང་སྐྲ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་ལ་ཕྱག་རྒྱ་ཆེན་པོ་པ་ལ་སོགས
116a3 པ་ཕྱག་རྒྱ་ཐམས་ཅད་ཀྱི་དམ་ཚིག་གི་སེམས་དཔའ་ཕྱུང་ནས།། དང་པོ་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་པར་གྱུར་ཏོ།། དེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁུ་ཚུར
116a4 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ཕྱག་རྒྱ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་བྱ་བའི
116a5 དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ།། ཕྱིའི་དཀྱིལ་འཁོར་དང་པོའི་སྦྱོར་བས་བྲིས་ལ་ནང་དུ་རྡོ་རྗེ་ག་ཐིག་གི་འཁོར་ལོ་བྲིའོ།། དེ་བཞིན་དུ་འདི་དབུས་སུ་དཀྱིལ་འཁོར་བརྒྱད
116a6 པར་ཐིག་བཏབ་ལ། དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་ཕྱག་གཉིས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཞལ་རྣམ་པར་བཞད་པ་བཞག་གོ།། དེའི་མདུན་དུ་རྡོ་རྗེ་སྐུའི་མཆོག་ཅེས
116a7 ཁྱབ་རྡོ་རྗེ་བསྙེམས་པ་འཛིན་པའོ།། གཡས་སུ་རྡོ་རྗེ་སྔགས་ཞེས་བྱ་བ་རྡོ་རྗེ་སྡེའི་མཆོག་འཛིན་པའོ།། རྒྱབ་དུ་ཏིང་ངེ་འཛིན་ཞེས་བྱ་བ་རྡོ་རྗེ་འཛིདི་པའོ།། གཡོན་དུ་རྡོ་རྗེཞེས་བྱ་བ་བམ།