| e-texts navigator |
| Wylie |
275b1 ཅད་བྱེད་པའོ།། དྲག་ཤུལ་ཤི་བརྙེད་ནས་ནི།། ཤ་ཆེན་པོ་ཡང་བཟའ་བར་བྱ།། གསལ་ཤིང་བཙུགས་དང་འགེགས་པ་དང་།། གཡུལ་དུ་གསད་པ་གང་དེ་ནི།
275b2 ཕྲབ་ཅིང་རྟེན་པས་བྲི་ཟ་བྱེད་ན།། ཚེ་དང་ནད་མེ་འཕེལ་བར་བྱེད།། དྲག་ཤུལ་བདེ་བ་སྦྱིན་པ་ཉིད།། སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ།། རྡོ་རྗེ་སེམས་དཔའ
275b3 ལྟར་བུར།། འདོད་ཀུན་འབྲས་བུ་རབ་སྦྱིན་པའོ།། རྡོ་རྗེ་ཆུ་དང་གཤད་གཅི་དང་།། རང་གི་བཤང་གཅི་གཟའ་བར་བྱ།། ཕྱེ་མ་ཞིབ་མོར་བྱས་པ་ལ།
275b4 ཁྲག་ཆེན་གྱིས་ནི་སྲེ་བར་བྱ།། སྔ་དྲོ་རྟག་ཏུ་བྱ་བ་དང་།། ཕྱིར་དྲོ་དང་ནི་ཉིན་ཕྱེད་ཉིད།། རྣལ་འབྱོར་པས་ནི་དུས་གསུམ་བཟའ།། དེ་ནས་རྡོ་རྗེ་ཆུ་བཏུང་བྱ།
275b5 ཉིན་དང་ཉིན་དུ་མ་མ་ཀི།། སྒྲུབ་པ་པོ་གང་བསྒྲུབ་བྱེད་པ།། ལུས་ལ་ནང་ནི་མེད་འགྱུར་ཞིང་།། ཚ་བའི་ནད་ཀྱང་རྣམ་པར་འཇིག། སྐལ་འཟང་ལུས་མཛེས
275b6 མདངས་ལྡན་ལ།། རྒྱལ་པོའི་སྐོར་ཡང་རྒྱལ་བ་འདྲེན།། དེས་ནི་འདོད་པ་ཀུན་བྱིན་ནས།། མཆོག་རབ་དེ་ཉིད་ཐོབ་པ་ཡིན།། རྣལ་འབྱོར་པ་དེ་ཐམས་ཅད
275b7 མཁྱེན།། རྡོ་རྗེ་སེམས་དཔའི་ཡོན་ཏན་ལྡན།། འདོད་ཆགས་ཞེ་སྡང་རྣམ་པར་གྲོལ།། རྐམ་པ་ཕྲ་དོག་རྣམ་པར་སྤངས།། རྡོ་རྗེ་བདུད་རྩི་བདེ་ཆེན་པོས།
275b8 དེའི་བསྒྲུབ་པ་གྲུབ་པར་འགྱུར།། རྡོ་རྗེ་བདུད་རྩིའི་རྒྱུད་འདི་ནི།། དོན་མང་གསང་བའི་རིམ་པ་ཅན།། མ་ལུས་རྡོ་རྗེའི་ཐེག་པ་ནི།། ལྷ་མོ་འདི་ལས་རྣམ་པར