e-texts navigator
Collection
Volume
Page
Wylie

116b1 རྒྱ་གར་སྐད་དུ། ཤྲི་བུད་དྷ་ཀ་པ་ལ་ན་མ་ཡོ་གི་ཏན་ཏྲ་རཱ་ཛ། བོད་སྐད་དུ། དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི
116b2 རྒྱུད་ཀྱི་རྒྱལ་པོ།། དཔལ་སངས་རྒྱས་ཐོད་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན
116b3 གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་རྒྱན་དང་ལྡན་པའི་དབུས་སུ། དེ་བཞིན་གཤེགས
116b4 པ་ཐམས་ཅད་དང་། རྣལ་འབྱོར་པ་རྣམས་དང་ལྷན་ཅིག་ཏུ་བཞུགས་ཏེ། འཕགས་པ་ཀུན་དགའ་བོ་ལ་སོགས་པ་འདོད་ཆགས་དང་བྲལ་བའི་གཙོང
116b5 རྣམས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་བཅུ་དང་ཡང་ཐབས་གཅིག་ཏུ་བཞུགས
116b6 སོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་ཚིག་གིས་རྡོ་རྗེ་ཆེན་པོའི་གནས་སུ་རྒྱུ་ཐམས་ཅད་དང་། སྔགས་ཡང་དག་པར་བཤད་ནས། དེ་བཞིན་གཤེས




iiif viewer powered by OpenSeadragon

116a - 117a

Texts on this page

F466 - dpal sangs rgyas thod pa zhes bya ba rnal 'byor ma'i rgyud kyi rgyal po