e-texts navigator
Collection
Volume
Page
Wylie

33b1 བཤིན་རྗེ་བཤེད་པོ་ལས་ཀུན་ལ།། རྡོ་རྗེའི་སྐུ་དང་རབ་མཚུངས་པ།། ལག་ན་རལ་གྲི་ཕྱག་འཚལ་བསྟོད།། སངས་རྒྱས་ཀུན་གྱིས་རང་བཞིན་ཁྱོད།། སངས
33b2 རྒྱས་ཐམས་ཅད་གཅིག་ཉིད་འཛིན། སངས་རྒྱས་ཀུན་གྱིས་རབ་མཆོག་ཅེ། དཀྱིལ་འཁོར་དབང་ཕྱུག་ཕྱག་འཚལ་བསྟོད།། ཨཿཡིག་ལས་སྐྱེས་རྣམ་དག་པ།
33b3 མགོ་བོ་གསུམ་གྱི་སྟེང་དུ་གནས།། པད་མའི་སྣོད་ནི་གང་བ་ཡི།། དེ་འོག་མེ་ཡི་དཀྱིལ་འཁོར་ཏེ། རཾ་ཡིག་ལས་བྱུང་གྲུ་གསུམ་མོ།། དེ་འོག་རླུང་གི་དཀྱིལ
33b4 འཁོར་ཏེ།། ནག་ཅིང་གཡོ་བ་གཞུའི་དབྱིབས།། ཡཾ་ལས་བྱུང་བ་བ་དན་མཚན།། དེ་ལ་རྣམ་པར་སྣང་མཛད་སོགས།། ད་ཡིག་ལ་སོགས་ལས་བྱུང་བ། གླང་པོ
33b5 ལ་སོགས་ལྔ་རྣམས་སོ།། ཧཱུཾ་སྐྱེས་རྡོ་རྗེའི་དགབ་བྱ་འདིས།། དགབ་བྱ་མཁས་པས་བསྒོམ་པར་བྱ།། རླུང་གིས་བསྐྱོད་ཅིང་མེ་ཡིས་ནུ།། དེ་ལ་རྣམ་པར་བསྒོམ་པར་བྱ།། །
33b6 རྡོ་རྗེས་མཚུངས་པར་རོ་ཅིག་གྱུར། ཤིན་ཏུ་དྷི་མེད་དག་པར་བལྟ། ཧཱུཾ་ཡིག་འོད་ཀྱིས་སངས་རྒྱས་རྣམས།། ཡེ་ཤེས་གཟུགས་ཀྱིས་དགུག་པར་བྱ། རབ་ཞུགས་སྔགས་ཀྱི
33b7 གཟུགས་ཀྱིས་ནི། མཆོག་གི་བདུད་རྩི་ལྔ་རྣམས་བལྟ། དེ་ཉིད་གསུམ་པོ་བྱིན་གྱིས་བརླག། དཀྱིལ་འཁོར་བདག་པོ་རྣམས་ལ་མཆོད། ལྕེ་ལ་རྣམ་དག་རྡོ་རྗེ་ཉིད།།
33b8 ཧཱུཾ་ཡིག་ལས་བྱུང་དེ་ལ་བལྟ། དེ་ཡི་འོད་བས་སྤུངས་རྣམས་ལས། མཚུངས་པར་དགུག་ཅིང་དེ་ཡིས་ནི། ཁམས་གསུམ་བཞུགས་པའི་རྫོགས་པངས་ཀུན།




iiif viewer powered by OpenSeadragon

33a - 34a

Texts on this page

F425 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po