| e-texts navigator |
| Wylie |
33a1 མ་སྲིན་པོའི་རང་བཞིན་ཏེ། བདག་ནི་ཁྱོད་མཐོང་འཇིགས་པས་ན། བླ་མ་སྲིན་པོའི་རང་བཞིན་སྤོངས། མ
33a2 རིས་ས་སྟེང་ས་འོག་རྣམས།། ཁྱོད་ཀྱི་གར་གྱིས་གཡོ་བར་བྱེད། ཁྲག་གི་མིག་སྨན་ཁྲོ་བའི་སེམས། གར་མཛད་ཁྱད་ནི་རོ་ལངས་གཟུགས། དམར་ཤིང་ཟུང
33a3 བའི་ཚད་ལྡན་པ།། རྣམ་པ་མང་པོའི་སྦྲུལ་གཟུགས་བྱེད།། རྡོ་རྗེ་དབྱངས་ཆེན་མ་ཡིས་ཞུས།། ཁྱོད་ཀྱི་གར་མཛད་བདེ་བ་ཆེ།། ཁྱོད་ཀྱི་ཧྲིཿཥྚིའི་སྔགས་ཀྱི་གར།།
33a4 ས་གསུམ་པོའི་འཁྲུལ་པ་སེལ། བརྩེ་བས་ཁྲོ་བའི་རྗེ་བཙུན་ཁྱོད།། འགྲོ་ལ་ལྟ་ཞིང་གར་མཛད་དོ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པཱུ་ཙ་བཛྲ་སྭ་བྷ་བ་ཨད་མ་ཀོ་ཧཾ།
33a5 སྒྲ་ཡིས་ཚོགས་པ་ཐམས་ཅད་ལ།། སྒྲ་སྙན་དང་ནི་མཚུངས་པར་བལྟ།། འཁོར་ལོ་ཡི་ནི་འདྲེན་པ་ལ། དེ་ཡིས་དེ་ལ་དེ་བཞིན་བསྟོད།། གཏི་མུག་རྡོ་རྗེའི
33a6 རང་བཞིན་ཁྱོད།། གཤིན་རྗེ་བཤེད་པོ་ཤིན་ཏུ་འཇིགས།། སྟོན་པ་སངས་རྒྱས་ཀུན་རང་བཞིན། རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད།། ཕྲ་མ་རྡོ་རྗེའི་རང་བཞིན
33a7 ཁྱོད།། གཤིན་རྗེ་བཤེད་པོ་ཤིན་ཏུ་འཇིགས།། རྡོ་རྗེའི་ཐུགས་དང་རབས་མཚུངས་པའི།། རིན་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད།། འདོད་ཆགས་རྡོ་རྗེའི་རང་བཞིན
33a8 ཁྱོད།། འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ།། གསུང་མཆོག་ཀུན་གྱི་རབ་མཆོག་སྟེ།། གསུང་གི་རྡོ་རྗེ་ཕྱག་འཚལ་བསྟོད།། ཕྲ་མ་རྡོ་རྗེའི་རང་བཞིན་ཁྱོད།།