e-texts navigator
Collection
Volume
Page
Wylie

32b1 ཡས་སྔོན་པོ་མཆོད་ཕྱིར་ཐོགས། ཤིན་དུ་མཛེས་པར་བྱས་པའོ།། བདུད་རྩིའི་ཁ་དོག་གདེངས་ཀ་ནེ། ནོར་བྱས་ཀྱིས་ནི་ཅོད་པན་བྱས།། པད་མིའི་སྡོང་བུ་ཁ་དོག་དཀར།
32b2 རྐང་གདུབ་པད་མ་ཆེན་པོ་ཡིས།། ཐམས་ཅད་པྲ་ཏིའི་ཡི་གེ་སྒྲོགས།། ཕྱག་གཉིས་པ་དང་མཆི་བ་གཙིགས།། འཁོར་བ་དང་ནི་མྱང་འདས་གཟུགས།། གཤིན་རྗེ་འཇོམས
32b3 པ་ཞེས་བྱ་ལ།། རྣམ་རྟོག་ཐམས་དུ་འཇོམས་པ་ཡི། བསྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ།། མཁའ་ཁྱབ་རྫོགས་པའི་སངས་རྒྱས་ཀུན།། རང་གི་སྙིང་ཁའི་ས
32b4 བོན་གྱི།། ལྕགས་ཀྱུས་ཀུན་བཀུག་ཁར་ཞུགས་ནས།། བདེ་བ་སྙིང་ཁར་ཞུགས་ཤིང་ཞུ།། དེ་ལས་སྤྲོ་བྱས་ས་བོན་རྣམས།། དེ་ཞུ་རྡོ་རྗེའི་ལམ་ནས་ནི།།
32b5 རང་འོད་པད་མའི་ནང་མཐར་གནས།། དེ་ལྟས་ས་བོན་རང་གཟུགས་ལ།། དེའི་ས་བོན་ལས་སྐྱེས་པའི།། འཁོར་ལོ་ས་བོན་ཀུན་བྱིན་བརླབས། མེ་སྟག་འཕྲོ
32b6 བའི་ཚོགས་གསལ་བ། ཆོ་ག་བཞིན་དུ་མཁས་པས་བསྒོམ།། བལྟ་ཞིང་སྙིང་ཁར་བཞུ་བྱས་ལ།། རྡོ་རྗེའི་ལམ་ནས་དབྱུང་བར་བྱ།། རང་རིག་པདྨའི་ཟེ
32b7 འབྲུ་ལ།། ལྷའི་ཚོགས་རྣམས་བལྟ་བྱས་ལ།། སྣ་ཚོགས་མེ་ཏོག་ལ་སོགས་དབུལ།། ལག་ན་ལོ་མ་འཛིན་རྣམས་ཀྱིས།། ལེགས་པར་མཆོད་པར་བྱ་བ
32b8 སྟེ།། མཆོད་པའི་གླུ་ནི་ཡིད་འོང་ངོ་།། སྣ་ཚོགས་གར་གྱི་རང་བཞིན་དང་། དེ་བཞིན་བདེ་བ་ཆེན་པོས་མཆོད། ཨེ་མ་བཤིན་རྗེ་བཤེད་དམར་པོ།།




iiif viewer powered by OpenSeadragon

32a - 33a

Texts on this page

F425 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po