| e-texts navigator |
| Wylie |
31b1 རྟག་གི་ལྤགས་པས་རྣམ་པར་བརྒྱན།། ཐུང་ཞིང་ལྟོ་འཕྱང་རྔམ་ཞིང་འབར། ཤིན་ཏུ་རྣམ་དག་དྲི་མ་བྲལ།། རོ་ལངས་མ་ཡི་གཡས་གྲི་གུག། གཡོན་ནི་མིའི་ཐོ
31b2 པའོ།། སྤྱན་གསུམ་སྐྲ་ནི་གྲོལ་བ་དང་།། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན།། མགོ་བོའི་ཕྲེང་བ་མཚུངས་པར་ལྡན།། རོ་བཅུད་འཛིན་པ་གཙོ་བོ་ཡི།། ཤར་གྱི
31b3 འདབ་མ་ལ་གཏི་མུག་གཤིན་རྗེ་བཤེད་དཀར་པོ་རྡོ་རྗེ་ཙཪྩི་ཀ་དང་སྙོམས་པར་འཇུག་པའོ།། ལྷོའི་འདབ་མ་ལ་ཕྲ་མ་གཤིན་རྗེ་བཤེད་ཁ་དོག་སེར་པོ་རྡོ་རྗེ་ཕག་མོ་དང
31b4 སྙོམས་པར་ཞུགས་པའོ།། ནུབ་ཀྱི་འདབ་མ་ལ་འདོད་ཆགས་པ་ཤིན་རྗེ་བཤེད་ཁ་དོག་དམར་མོ་རྡོ་རྗེ་དབྱངས་ཅན་མ་དང་སྙོམས་པར་ཞུགས་པའོ།། བྱང་གི་འདབ
31b5 མ་ལ་ཕྲ་དོག་བཤིན་རྗེ་བཤེད་ཁ་དོག་ལྗང་ཁུ་རྡོ་རྗེ་གཽ་རི་མ་དང་སྙོམས་པར་ཞུགས་པའོ།། ཙཪྩི་ཀ་ནག་མོའོ།། ཕག་མོ་སེར་མོའོ།། དབྱངས་ཅན་མ་དཀར་མོའོ།།
31b6 གཽ་རཱི་མ་སྔོན་མོའོ།། གཡོན་པ་ཐོད་པ་དང་། གཡས་པ་ན་གྲི་གུག་གོ། ཕྱག་དང་ཞལ་དང་སྐུམ་དོག་ཡང་དག་པར་གནས་པ་ནི་དཔའ་བོ་ཇི་ལྟ་བ་བཞིན་ནོ།། མེའི་འཚས
31b7 སུ་མུ་མེན་གྱི་བུམ་པ་བཞི་མཉམ་གྱིས་གང་བའོ།། བདེན་བྲལ་དུ་གསེར་གྱི་བུམ་པ་གླ་པ་ཡིས་གང་བའོ།། རླུང་དུ་བྱི་རུའི་བུམ་པ་སི་ཧཱ་ཡིས་གང་བའོ།། དབང་ལྡན
31b8 དུ་དངུལ་གྱི་བུམ་པ་ག་བུར་གྱི་གང་བའོ།། ཐོད་པ་ཡིས་ཁ་གཡོགས་པ་རྣམ་པར་བསྒོམ་པར་བྱའོ།། ཁྲོ་བོའི་རྒྱལ་པོ་ལ་སོགས་པ་དཔའ་བོ་གཙོ་བོའི་སྔགས