| e-texts navigator |
| Wylie |
31a1 ཤེད་པ་བཞིན་མཚན་ཉིད་ལ།། རྣམ་པར་རྟོག་པ་བྲལ་བ་དང་།། ལྷ་དང་སྨོན་ལམ་རྣམ་པར་སྤངས།། །། ཨོཾ་ཤཱ་ནྱ་ཏཱ
31a2 ཛྙཱ་ན་སྭ་བྷཱ་ཝ་ཨཏྨ་ཀོ་ཧཾ། ཡཾ་རཾ་བཾ་ལཾ་བཞི་ལ་དཀྱིལ་འཁོར་བསྡུས་ནས། བྷྲཱུཾ་ཡིག་ལས་སྐྱེས་པའི་གཞལ་ཡས་ཁང་བསྒོམ་པར་བྱའོ།། ཟུར་བཞི་པ་དང་སྐྲ
31a3 བཞི་པ།། རྟ་བབས་བཞི་ཡིས་བརྒྱན་པ་ལ།། དྲ་བ་དྲ་ཕྱེད་ཀྱིས་སྦས་པ།། ལྷ་དང་ལྷ་མོས་ཤིན་ཏུ་མཛེས།། བ་དན་དྲིལ་བུ་བཅས་པ་རྣམས།། སྣ
31a4 ཚོགས་བརྩེ་མོ་རླུང་གིས་བསྐྱོད།། ཡཾ་ཡིག་གིས་ནི་དེ་དབུས་གནས།། སྣ་ཚོགས་པདྨ་རྣམ་པར་བསམ།། དེའི་ཟེ་འབྲུའི་དབུས་གནས་ལ།། སྣ་ཚོགས་རྡོ་རྗེ
31a5 དབྱུག་པར་བཅས།། ཡོངས་སུ་གྱུར་ལས་མཐའ་དག་རྟགས།། ཞེ་སྡང་བདག་ཉིད་རྣམ་པར་སྒོམ།། རིམ་མཚུངས་པདྨ་ཉི་མ་ལ།། མ་ཧེ་དམར་པོའི་སྟེང་དུ་ནི།
31a6 སྤྲུལ་པས་བདུད་རྣམས་མ་ལུས་པ།། གཡས་རྐྱང་ཞབས་ཀྱིས་མནན་པར་བྱ།། ཉི་མ་བྱེ་བའི་འོད་འབར་ལྷ།། རོ་ལངས་མ་ཡིས་མགུལ་ནས་མཁྱུད།། དཔའོ
31a7 ཞལ་གཅིག་ཕྱག་གཉིས་པ།། ཀླུ་བརྒྱད་ཀྱི་ནི་རྣམ་པར་བརྒྱན།། སྤྱན་གསུམ་དམར་ཞིང་འཇིགས་སུ་རུང་།། མགོ་བོ་དམར་པོ་བརྒྱའི་ཕྲེང་།། གཡས་ན་རྡོ་རྗེའི
31a8 དབྱུག་པ་དང་།། གཡོན་ན་ཐོད་པ་བསྣམས་པའོ།། ཁྲོ་བོའི་མཚུངས་པར་ལྡན་པ་དང་།། ལྗགས་ནི་བསྐྱོད་ཅིང་མཆེ་བ་བརྩིགས།། ཁྲོ་གཉེར་སྐུ་འཁྲེགས་བྱེད་པ་ལ