| e-texts navigator |
| Wylie |
30b1 ནམ་མཁའ་ལ།། དམིགས་ཏེ་ཕྱག་འཚལ་དེ་རྣམས་ཀྱི།། སྐུ་ཡི་བཀོད་པ་རྣམ་པར་བསྒྲུབ།། ཙཪྩི་ཀ་སོགས་རྣམས་ཀྱི་མཆོད།། དེ་ལ་སྡིག་པ་རབ་ཏུ་བཤག
30b2 ལུས་དང་ངག་དང་ཡིད་རྣམས་ཀྱིས།། ཡང་དག་སྡིག་གྱུར་བྱས་དེ་བཞིན།། བདག་གིས་བདེ་གཤེགས་གང་ཞིག་ཡང་།། དུས་གསུམ་མགོན་མཛད་རྗེ་ཡིད
30b3 རང་།། རྫོགས་པའི་སངས་རྒྱས་མཚུངས་རྣམས་ཀྱི།། བསོད་ནམས་ཚོགས་ལ་རྗེ་ཡི་རང་།། རྫོགས་པའི་སངས་རྒྱས་དམ་ཆོས་དང་།། ཚོགས་མཆོག་རྣམས
30b4 ལ་བདག་སྐྱབས་མཆི།། ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ།། བདག་གི་ལུས་འདི་འབུལ་བར་བགྱི།། གནས་དང་ཆོས་ཀུན་སྟོན་པ་དང་།། ཤིན་དུ་མཐར
30b5 ཡང་མཛེས་པ་དང་།། ཡང་དག་རྫོགས་པའི་སངས་རྒྱས་ཀྱི།། དེ་ཉིད་སྦྱིན་སོགས་གཟུགས་ཅན་གྱི།། སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར།། རྟེན་ཅིང་འདི་ལ
30b6 རབ་ཏུ་དང་། སེམས་ཅན་རྣམས་ཀྱི་དོན་བྱེད་ཕྱིར།། བྱང་ཆུབ་སེམས་དག་བདག་གིས་བསྐྱེད།། གང་ཞིག་བསོད་ནམས་ཉེར་བསགས་རྣམས།། རྫོགས་པའི
30b7 བྱང་ཆུབ་བདག་གིས་བསྔོ།། འགྲོ་འདི་ཀུན་ལ་ཕན་མཛད་ཕྱིར།། དཔལ་ལྡན་པ་ཤིན་རྗེ་མཐར་བྱེད་འགྱུར།། ལྷག་པར་སྨོན་ལམ་འདི་བྱས་པས།། དེ་རྣམས
30b8 ལ་ནི་གཤེགས་སུ་གསོལ།། བརྩེ་བས་བྱང་ཆུབ་བཞིན་དུ་བལྟ།། ཁམས་གསུམ་རྣམས་ནི་སྟོང་པར་བསམ།། རང་བཞིན་གྱིས་ནི་སྦྱོར་བྲལ་བས།། རྒྱུ་དང་དེ