| e-texts navigator |
| Wylie |
30a1 གཤེ་པ་@ཡ་ཙྪ་ནི་ར་ཛ་ས་དོ་རུ་ཎ་ཡོ་ནི་ར། ར་སོགས་དང་པོ་གཤིན་རྗེ་བཤེད།། ཀྵེ་ཡིག་ལས་ནི་རྨོངས་པར་བརྗོད།
30a2 མ་ཡིག་ལས་ནི་ཕྲ་མར་བཤད།། དེ་བཞིན་མེ་ཡིག་འདོད་ཆགསོ།། ད་ཡིག་ལས་ནི་ཕྲ་དོག་སྟེ།། བཤིན་རྗེ་བཤེད་རྣམས་ལྔ་རུ་གྲགས།། ཛཱ་ཡིག
30a3 ཙཪྩི་ཀར་བཤད་དོ།། ས་ཡིག་ལས་ནི་ཕག་མོའོ།། དོ་ཡིག་དབྱངས་ཅན་མར་བཤད་དེ། རུ་ཡིག་གཽ་རཱི་མར་འདོད་དོ།། ཎ་ཡོ་ནི་ར་འཚམས་བཞི་ལ། མི
30a4 ཡི་ཐོད་པ་རྣམ་པ་བཞི།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བཤིན་རྗེ་གཤེད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམ
30a5 པར་བཞུགས་ནས།། ཞེས་སྡང་ཆེན་པོའི་རིགས་བསྒོམ་པའི་རྣལ་འབྱོར་གསུངས་པ།། སྦྱིན་དང་ཚུལ་ཁྲིམས་བཟོད་པར་ལྡན།། རོ་ཅིག་མཁས
30a6 པས་སེམས་ཅན་དོན།། བྱམས་སོགས་ཡོན་ཏན་ཕུན་སུམ་ཚོགས། ཐོས་པ་ཡི་ནི་རྣམ་རྒྱན་པས།། དང་པོར་ཁ་སོགས་ཡོངས་སུ་གསང་།།
30a7 ལྔ་པར་སྙིང་རྗེའི་བདག་ཉིད་ཅན།། རབ་ཏུ་བཅོམ་པ་དབེན་པའི་ཕྱོགས།། དུར་ཁྲོད་སོགས་སུ་བདེ་བའི་བསྟན།། དབེན་ཞུགས་ཉིད་ཀྱི་ཐུགས་ཁར་ནི། པད
30a8 ཉི་ལྟ་ཞིང་འོད་རབ་འབར།། དེ་ཡི་འོད་ཀྱིས་བཀུག་བྱས་ནས།། སེམས་ཅན་དོན་རྣམས་ཕུན་སུམ་ཚོགས།། བསྒོམ་བྱ་བླ་མ་སངས་རྒྱས་རྣམས།། ཇི་སྙེད་མ་ལུས