e-texts navigator
Collection
Volume
Page
Wylie

29b1 བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་ཕྱག་ན་རྡོ་རྗེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས
29b2 པ་ཐམས་ཅད་ཀྱི་བདག་པོ་བདུད་ཐམས་ཅད་འཇོམས་པ་རྡོ་རྗེ་ཞེས་པའི་ཏིང་ངེ་འཛིན་ལས་རང་གི་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་རྣམས་ལས་སྤྲོ་བར་མཛད་ནས།
29b3 སྔགས་ཀྱིས་འགུགས་དང་དབང་བྱེད་ཆེ།། ཆོ་ག་མང་པོ་ནུས་དེ་བཞིན།། རལ་གྲི་བསྒྲུབ་དང་རྒྱལ་པོ་དང་།། ཕ་རོལ་དམག་ཚོགས་རྣམས་འཇོམས་དང་།།
29b4 མི་སྣང་མིག་སྨན་བཅུད་ལེན་དང་།། དེ་བཞིན་གྲིབ་གནོན་རིག་པ་དང་།། རོ་ལངས་གནོད་སྦྱིན་བསྒྲུབ་པ་དང་།། སྦྲུལ་གདུག་ལ་སོགས་བསྲུང་བ་དང་།
29b5 སྦྱིན་བསྲེག་དཀྱིལ་འཁོར་ལས་རྣམས་དང་།། བྱང་ཆུབ་སེམས་ཀྱི་རྣམ་དཔྱད་དང་། ཐབས་རྣམས་ཀུན་གྱི་སྤྱོད་པ་དང་།། ཕ་རོལ་གྲོང་དུ་འཇུག་རྣམས་ལ།།
29b6 འོད་ཟེར་རྣམ་ལྔ་འཁྲིགས་པ་ཡི།། རྡོ་རྗེ་བསྲུང་བའི་དོན་དུ་བསྒོམ།། རྡོ་རྗེ་ས་གཞིའི་ཆ་རྣམས་ལ།། ར་བ་གུར་རྣམས་དེ་བཞིན་ནོ།། དེ་ནས་བཅོམ་ལྡན
29b7 འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་བདུད་ཐམས་ཅད་རྣམ་པར་འཇོམས་པ་རྡོ་རྗེ་ཞེས།། པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། གཏི།
29b8 མུག་བཤིན་རྗེ་བཤད་ལ་སོགས་པ་ཐམས་ཅད་ཀྱི་ས་བོན་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ལས་ངེས་པར་སྤྲོ་བར་མཛད་དོ།། ཡ་ནི་དབུས་སུ་ཀྵེ་མ་མེ་དང་།




iiif viewer powered by OpenSeadragon

29a - 30a

Texts on this page

F425 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po