| e-texts navigator |
| Wylie |
29a1 གད་རྒྱ་གར་སྐད་དུ། ཤྲཱི་རཀྟ་ཡ་མཱ་རི་ཏན་ཏྲ་རཱ་ཛ་ན་མ། བོད་སྐད་དུ། དཔལ་གཤིན་རྗེ་གཤེད་དམར་པོ་ཞེས
29a2 བྱ་བ་རྒྱུད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་པ་ཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ
29a3 བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ།། དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས
29a4 པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་སྙིང་པོ་རྗེ་བཙུན་གསང་བ་ལས་ཤིན་ཏུ་གསང་བ་ལ། ཕྱག་ན་རྡོ་རྗེས་གསོལ་པ། འདིར་བཤིན་རྗེ་གཤེད
29a5 ཇི་ཙམ་གསུངས་པ་ལགས། ཀྱེ་ལྷག་ན་རྡོ་རྗེ་ལེགས་སོ་ལེགས་སོ་བཙ་བ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྡོ་རྗེའི་ཞེ་སྡང་རྡོ་རྗེ་བྱང་ཆུབ
29a6 སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་པོ་བཤིན་རྗེ་གཤེད་དམར་པོའི་གཟུགས་ལ་ཉོན་ཅིག། གཏི་མུག་རྡོ་རྗེ་བཤིན་རྗེ་གཤེད་དང་། ཕྲ་མ་རྡོ་རྗེ་བཤིན་རྗེ
29a7 བཤེད་དང་། འདོད་ཆགས་རྡོ་རྗེ་བཤིན་རྗེ་བཤེད་དང་། ཕྲ་དོག་རྡོ་རྗེ་བཤིན་རྗེ་བཤེད་ཅེས་བྱའོ།། རྡོ་རྗེ་ཙར་ཙི་ཀ་དང་། རྡོ་རྗེ་ཕག་མོ་དང་། རྡོ་རྗེ་དབྱངས་ཅན
29a8 མ་དང་། རྡོ་རྗེ་གོ་རིམ་རྣམས་ཀྱང་ངོ་།། འཚམས་རྣམས་ལ་བུམ་པ་རྣམས་སོ།། དེ་ལྟ་བུ་ལ་སོགས་པའི་བཤིན་རྗེ་འཇོམས་པའི་ཚོགས་རྣམས་ཀྱིས་སོ།། དེ་ནས