| e-texts navigator |
| Wylie |
264b1 @##། རྒྱ་གར་སྐད་དུ། ཤྲི་ཙན་ཌ་མ་ཧཱ་རོ་ཥ་ཎ་ཏན་ཏྲ་རཱ་ཛ་ན་ས། བོད་སྐད་དུ། དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད
264b2 རྒྱལ་པོ་ཞེས་བྱ་བ། བཅོམ་ལྡན་འདས་ཁྲོ་བོ་གཏུམ་པོ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན
264b3 འདས་རྡོ་རྗེ་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་ཀྱི་སྙིང་པོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་བྷ་ག་རྣམས་ལ
264b4 བཞུགས་སོ།། དཔག་ཏུ་མེད་པའི་རྡོ་རྗེ་རྣལ་འབྱོར་པ་དང་། རྣལ་འབྱོར་མའི་ཚོགས་རྣམས་ཀྱང་ངོ་།། འདི་ལྟ་སྟེ། མི་གཡོ་བ་དཀར་པོ་རྡོ་རྗེ་རྣལ་འབྱོར
264b5 པ་དང་། མི་གཡོ་བ་སེར་པོ་རྡོ་རྗེ་རྣལ་འབྱོར་པ་དང་། མི་གཡོ་བ་དམར་པོ་རྡོ་རྗེ་རྣལ་འབྱོར་པ་དང་།། མི་གཡོ་བ་ལྡང་ཁུ་རྡོ་རྗེ་རྣལ་འབྱོར་པ་དང་།།
264b6 གཏི་མུག་རྡོ་རྗེ་མའི་རྡོ་རྗེ་རྣལ་འབྱོར་མ་དང་། ཕྲ་མ་རྡོ་རྗེ་མའི་རྡོ་རྗེ་རྣལ་འབྱོར་མ་དང་། འདོད་ཆགས་རྡོ་རྗེ་མའི་རྡོ་རྗེ་རྣལ་འབྱོར་མ་དང་། ཕྲག་དོག