| e-texts navigator |
| Wylie |
16b1 པར་བཞག་པས། དུས་གསུམ་དུ་སྦྱིན་བསྲེག་སྟོང་བྱས་ན་རྒྱས་པར་འགྱུར་རོ།། དེ་ནས་དགུག་པར་འདོད་ན། སྐྱེ་ཆེས་གཟུགས་བརྙེན་བྱས་ལ། སེང་ལྡེང
16b2 གི་མེའི་དབུས་སུ་རྒྱ་རྩ་བརྒྱད་ཏུ་བསྲེགས་ཏེ། དེ་ནས་འགྲུབ་བོ།། ཉི་མ་བདུན་གྱིས་གང་འདོད་པ་ཐེ་ཚོམ་མེད་པར་འགུགས་སོ།། དེ་ནས་བསྒོ་བར་བྱ་བར་འདོད་ན།
16b3 བྱ་རྒོད་ཆེན་པོའི་ཚང་དང་། ཤ་ཆེན་བསྲེག་ན་བསྐོ་བར་འགྱུར་རོ།། ཕུབ་མའི་མེ་ལ་བསྲེགས་ན་བདེ་ལེགས་སུ་འགྱུར་རོ།། དེ་ནས་རོ་ལངས་དང་ལྡན་པ། སྐྱེས་བུ
16b4 མདུང་རྩེར་བཙུགས་པའི་གཟུགས་དེར་བསྟན་པ་བྲི་བར་བྱའོ།། ན་གྲོ་ཏའི་ཤིང་གི་སྟེང་འོག་ཏུ་སྐྱེས་བུ་འཕྱང་བ་ཡང་བསྟན་པར་བྱ།། སྐྱེས་བུ་ཟ་བ་ཡང་བྲི། མདུང་གི་ཕུག
16b5 པ་ཡང་བྲི། སྣ་ཚོགས་བྱ་རྒོད་དང་། བྱ་རོག་དང་། ཁྱི་དང་། ལྕེ་སྦྱོང་ཧ་ཧ་འབྱིན་པ་བྲི། བསྒྲུབ་པ་པོ་རྣམས་ཀྱང་བྲི།། བཅོམ་ལྡན་འདས་ལ་རྩེ་ཅིག་ཏུ་བལྟ་བ་གཅེར
16b6 བུ་སྐྲ་གཤིག་པ། ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པ། ཐོད་པས་སྤྱི་བོར་བརྒྱན་པ། རྒོད་ཅིང་དུར་ཁྲོད་དེར་འཇུག་པ་བྲིའོ།།
16b7 ། འདི་ནི་གསང་བའི་བྲིས་སྐུ་ཏེ་གནས་གཅིག་ཏུ་ལེགས་པར་བཞག་ལ། ཤ་ཆེན་གྱི་སྤོས་ཕུལ། དེའི་མདུན་དུ་དུང་ཆེན་གྱི་ཕྲེང་བས་བཟླས་པ་བྱ། སྔགས
16b8 བ་མཉམ་པར་བཞག་པས་དུས་གསུམ་དུ་འབད་ལ་བྲིས་སྐུ་བསྲུང་ངོ་།། གཞན་གང་དུ་ཡང་མི་བཞག་གོ།། གཞན་གང་གིས་མདུན་དུ་ཡང་མི་དགྲམ་མོ།། ལྡག་པ