| e-texts navigator |
| Wylie |
99b1 @#།། རྒྱ་གར་སྐད་དུ། ཤྲི་བཛྲ་མ་ལ་ཨ་བི་ས་ཡ་མ་ཧཱ་ཡོ་ག་ཏན་ཏྲ་སརྦ་ཏན་ཏྲ་ཧྲི་ད་ཡ།། ཧ་སྱ་བྷེ་ད་ཀ་མ་ཡི་ཏེ་ན་མ།།
99b2 བོད་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད། དཔལ་རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པ་རྒྱུད་ཐམས་ཅད་སྙིང་པོ་གསང་བ་རྣམ་པར་ཕྱེ་བ་ཞེས་བྱ་བ། འཇམ་དཔལ
99b3 གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ལ་ཕྱག་འཚལོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། དཀོན
99b4 མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང
99b5 ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་ཚད་མེད་པའི་ཕྱག་རྒྱ་ཆེན་པོས་མངོན་པར་རྟོགས་པ་ལ་ཞུགས་ཏེ། དག་ཏུ་མེད་པའི་རྡོ་རྗེའི་རིགས་དང་། རབ
99b6 ཏུ་འབྲེལ་བའི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ཐབས་གཅིག་ཏུ། ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོ་མངོན་པར་རྟོགས་པ་མངོན་དུ་བྱ་བ་ལ་ཞུག།
99b7 གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བས་དགོས་པ། ཞལ་གྱི་པདྨ་རྒྱས་པ།། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་མཐོང་བས།། རྣམ་པར
99b8 མི་རྟོག་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་མངོན་དུ་ཕྱོགས་པ། རྡོ་རྗེ་འཆང་ཆེན་པོའི་དམ་ཚིག་བླ་ན་མེད་པའི་གཟུགས་ལ་རབ་ཏུ་མཁས་པ་འདི་ལྟ་སྟེ། བྱང་ཆུབ་སེམས