e-texts navigator
Collection
Volume
Page
Wylie

84b1 ཆོས་ཀྱི་དབང་ཕྱུག་རྡོ་རྗེ་ཞེས་བྱ་བར་དབང་སྐུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་ཀྱིས། དེ་བཞིན་དགྱིའོ་ཞེས་གསོལ་ནས་ཅང་མི་སྨྲ་བར
84b2 གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔའི་ཡི་གེ་གསུམ་ལ་རང་གི་སྐུ་དང་། གསུང་དང་། ཐུབས་ཞུགས་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས
84b3 པ་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཁམས་གསུམ་པ་ཐམས་ཅད་ཀྱི་ལུས་རྡོ་རྗེ་ལ་གནས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྲའི་མཉམ་པ་ཉིད་ལ་དམིགས་ནས་ཅང་མི
84b4 གསུང་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཁམས་གསུམ་པ་ཐམས་ཅད་ཀྱི་ངག་རྡོ་རྗེ་ལ་གནས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད
84b5 ཀྱི་གསུང་མཉམ་པའི་ཉིད་ལ་གནས་ནས་ཅང་མི་གསུང་བར་གྱུར་ཏོ།། དེ་སྐད་ཅེས་བཀའ་སྩལ་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི
84b6 གསང་བ། གསང་བ་འདུས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་། སྡོམ་པ་རྡོ་རྗེའི་བྱིན་བརླངས་ཀྱི་རྒྱལ་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་བདུན་པའོ།། །
84b7 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྲ་དང་། གསུང་དང་ཐུགས་གསང་ཤིང་རང་དུ་གསེང་བ་ཞེས་བྱ་བ་རྟོག་པ་ཆེན་པོའི་རྒྱལ་པོ་རྫོག་སྷོ།། །
84b8 དེ་ནས་བྱངས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་སྐུ་དང་གསུང་དང་ཐུགས




iiif viewer powered by OpenSeadragon

84a - 85a

Texts on this page

F415 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po
F416 - rgyud phyi ma