e-texts navigator
Collection
Volume
Page
Wylie

84a1 པ་དི་ནི་བཅོམ་ལྡན་འདས་ངོ་མཚར་ཏོ།། བདེ་བར་གཤེགས་པར་མནར་ཏོ།། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པའི་བདག་པས། དེ་བཞིན་གཤེགས་པ་དེ་དག
84a2 ཐམས་ཅད་ལ་འདི་སྐད་ཅེས་གསུང་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དེ་སྐད་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ན་མཁའི་རྡོ་རྗེའི་དམ་ཚིག་དང་མཚུ
84a3 པའི་ཕྱིར། གཟུགས་ཀྱི་ཕུང་པོ་མ་ཡིན། ཚོར་བའི་ཕུང་པོ་མ་ཡིན། འདུ་ཤེས་ཀྱི་ཕུང་པོ་མ་ཡིན། འདུ་བྱེད་ཀྱི་ཕུང་པོ་མ་ཡིན། རྣམ་པར་ཤེས་པའི་ཕུང་པོ་མ་ཡིན། ཁམས་མ་ཡིན།
84a4 སྐྱེ་མནད་མ་ཡིན། དེ་བཞིན་གཤེགས་པ་མ་ཡིན། ཞེ་སྡང་མ་ཡིན། གཏི་མུག་མ་ཡིན། ཆོས་མ་ཡིན། ཆོས་མ་ཡིན་པ་མ་ཡིན་ནོ།། དེ་ནས་དེ་བཞིན་གཤེགས་པ་དེ་ཐམས་ཅད་མི
84a5 ཅང་མི་གསུང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ལ་བཀའ་སྩལ་པ།།
84a6 ཁྱེད་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་འདི་བསྒོ་བར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཕྱོགས
84a7 བཅུ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཆོས་ཀྱི་རྣམ་གྲང་འདི་ལ་བསྐལ་པ་ཕོད་པའི་ཕྱིར་རོ།། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས།
84a8 རྡོ་རྗེ་ཆོས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་འདི་བཟུང་ཤིག། ཁྱོད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི




iiif viewer powered by OpenSeadragon

83b - 84b

Texts on this page

F415 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po