| e-texts navigator |
| Wylie |
83b1 དེ་ནས་ན་མཁའི་དབྱིངས་འདི་དག་ཐམས་ཅད་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཟུག་རྡོ་རྗེའི་དམ་ཚིག་གི་ཁུ་བས་ཡོངསུ་གང་སྟེ། དུམ་པ་རྡོ་རྗེ་ཆུས་གང་བ་ལྟར
83b2 གནས་པར་གྱུར་ཏོ།། དེ་ནས་རྡོ་རྗེ་ན་མཁའི་དབྱིངས་འདི་ན། གང་སེམས་ཅན་སྐུ་གསུམ་གྱི་དམ་ཚིག་ལས་ཡང་དག་པར་བྱུང་བ་དེ་རྣམས་རྡོ་རྗེའི་དཔལ་གྱིས་རེག་ནས། ཐམས་ཅད་དེ་བཞིན
83b3 བཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཅན་དུ་གྱུར་ཏོ།། དེ་ནས་བརྩམས་ཏེ་སེམས་ཅན་ཐམས་ཅད་ཀུན་དུ་བཟང་པོ་ཞེས་དེ་བཞིན་གཤེགས
83b4 པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་དབང་བསྐུར་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ
83b5 སྩལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང་།། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་མཉམ་པ་ཉིད་མཐོང་ངམ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།
83b6 ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་མཐོང་ལག་སོ།།
83b7 བདེ་བར་གཤེགས་པ་མཐོང་ལག་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་ལས་མངོན་པར་བྱུང
83b8 ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེས་ཆེན་པ་ལ་འདི་སྐད་ཅེས་གསོལ་ཏོ།། གང་འདོད་ཆགས་ཀྱི་ཡི་གེའི་ཚིག་གིས། སངས་རྒྱས་ཀྱི་བྱང་ཆུབ་རྗེས་སུ་རྟོགས