e-texts navigator
Collection
Volume
Page
Wylie

83a1 ནི་གསོན་པར་མཆིས་བཞད་ན།། འདོད་ཆགས་དམ་ཚིག་ཆགས་པ་བདག་ལ་དགེས་པར་མཛད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
83a2 བདག་པོ་ལ།། འཇིག་རྟེན་དབང་ཕྱུག་གི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་སྤྱན་གྱིས་རྡོ་རྗེ་འཛིན་པ་ཆེན་པོ་ལ་འདོད་པ་ཉེ་བར་ལོངས་སྤྱོད་པའི་དམ་ཚིག་གིས་ཡང་དག་པར་བསྟོད་པ། ཁྱོད
83a3 ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུག་བརྩེ་བ། འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞད་ན། རབ
83a4 དགའི་སྤྱོད་པ་ཀུན་དུ་བཟང་སོས་བདག་ལ་དགེས་པར་མཛད་དུ་གསོལ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུབས་དམ་ཚི་བ་རྡོ་རྗེའི་བཙུན་མོས། བཅོམ
83a5 ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བའི་དགའ་བ་འདིས་བསྟོད་དོ།། ཁྱོད་ནི་རྡོ་རྗེའི་འདོད་པ་དམ།
83a6 ཚིབ་མཆོག་གི་ཕན་དོན་ཆེ། ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། ཡོན་ཏན་རིན
83a7 ཆེན་མང་པོའི་གཏེར་གྱུར་བདག་ལ་དགེས་པར་མཛོད། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེག་པ་འདོད་ཆགས་ཐམས་ཅད་ཉེ་བ་ལོངས་སྤྱོད་པའི་རྡོ་རྗེ་དཔལ་ཞེ
83a8 བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལི་བཙུན་མོ་དེ་དག་ལ་དམ་ཚིག་གི་འཁོར་ལོས་འདོད་པ་སྤྱོད་ཅིང་། ཅང་མི་གསུང་བར་གྱུར་ཏོ།། །




iiif viewer powered by OpenSeadragon

82b - 83b

Texts on this page

F415 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po