e-texts navigator
Collection
Volume
Page
Wylie

82b1 ཡི་གེ་ནི་ཐུན་མོང་སྟེ། རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་ཇི་ལྟར་མིང་ཤེས་པ་དང་། མ་ཐོས་པ་དེ་བཞིན་དུ། ངེད་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་།
82b2 རིགས་ཀྱི་བུ་གསང་བའི་ཡི་གེ་འདི་དག་མ་ཐོབ་ཅིང་། མངོན་པར་སངས་མ་རྒྱསོ།། དེ་ཅིའི་ཕྱིར་ཞེ་ན། གསང་བའི་ཡི་གེ་རྣམ་པར་དག་པའི་ཕྱིར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་རམ?
82b3 ཅད་ཅང་མི་སྨྲ་བར་གནས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དེ་བཞིན་བཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་རྡོ་རྗེའི་བཙུན་མོ
82b4 བྷ་ག་ལ་བཞུག་སོ།། དེ་ནས་དེ་བཞིན་གཤེགས་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་བཙུན་མོས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་ཆེན
82b5 པོ་ལ་དགའ་བས་བསྟོད་པ། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུབ་ཁྱོད་ནི་རྡོ་རྗེའི་ཐུགས། དགའ་བའི་ཡིད་འོང་དོན་ཆེན་འདོད་པས་བདག་ལ་སྐྱབ་དུ་གསོལ།། མགོན་པོ་གལ་ཏེ
82b6 དེ་རིང་བདག་ནི་གསོན་པར་མཆིས་བཞད་ན། སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགེས་པར་མཛད་དུ་གསོལ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི
82b7 བཙུན་མོ་མཱ་མ་ཀའི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་ཆེན་པོ་ལ་རྡོ་རྗེའི་འདོད་པ་དགའ་བའི་མཆོད་པའི་མཆོག་གི་ཡི་གེའི་ཚིག་འདིས
82b8 ཡང་དག་པར་བསྟོད་དོ།། རྡོ་རྗེའི་སྐུ་ཁྱོད་བཀའི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རྗེསུ་ཕན་སྟོན་པ།། མགོན་པོ་གལ་ཏེ་དེ་རིང་བདག།




iiif viewer powered by OpenSeadragon

82a - 83a

Texts on this page

F415 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po