| e-texts navigator |
| Wylie |
82a1 གནས་ཀྱི་དོན་བཤད་པ་དེ། དེའི་ཚེ་དེའི་དུས་ན་ངས་མ་བཤད་དེ། སེམས་ཅན་རྣམས་ལ་སྐལ་པ་མེད་པའི་ཕྱིར་རོ།། འོན་ཀྱང་བཅོམ་ལྡན་འདས་དེ་བཞིན
82a2 གཤེགས་པ་ཐམས་ཅད་ཀྱི་བསང་ང་འདུས་པ་འདི་ལ། ས་ཅིག་ཐང་ཅིག་ཡུད་ཙམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དོ།། གང་གིའི་བྱེ་མ་དུ་མ་སྙེད་ཀྱི་སྐལ་བར
82a3 བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབད་ཅིང་བརྩལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་དེ། གསང་བ་འདུས་པ་ལ་དགའ་བའི་བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་དེ་བཞིན་གཤེགས
82a4 པ་རྣམས་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས།། གསུང་རྡོ་རྗེའི་ཡི་གེའི་ཚིག་འདི་ཐོས་ནས་རབ་ཏུ་ངུས་སོ།། དེ་ནས་དེ་བཞིན
82a5 བཤེས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱང་ཆུབ་སེམས་དཔའ་ཁྱེད་རྣམས་མ་དུ་ཤིག། སྡུག་བསྔལ་གསུམ་ལ་མ་བསྒོ
82a6 ཤིག། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཇི་ལྟར་མི
82a7 ངུ་བར་བགྱི།། ཇི་ལྟར་སྡུག་བསྔལ་གསུམ་ལ་མི་བསྒོམ་པར་བགྱི། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་བདག་ཅག་གསང་བའི་ཡི་གེ་གསུམ་ལ་སྐལ་བ་དང་མི་ལྡན་ཏེ། ཐ་ན་མཐོང་བ་ཡང
82a8 སྐལ་བ་དང་མི་ལྡན་ལ། བཅོམ་ལྡན་འདས་གསང་བའི་ཡེ་གེའི་མིང་ཙམ་ཐོས་པའི་སྐལ་པ་ཡང་མ་མཆིས་སོ།། དེ་བཞིན་གཤེབྲ་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། དེ་སྐད་མ་ཟེར་ཅིག།