| e-texts navigator |
| Wylie |
81a1 སེམས་བསྲུང་བའི་འཁོར་ལོའི་སྔགས་རྡོ་རྗེ་དང་ལྡན་པ་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་བྱུང་ངོ་།། ཨོཾ་ཧུ་ལུ་ཧུ་ལུ། ཏིཿཏིཥྛ། དན་དྷ་ངན་དྷ།
81a2 ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲི་ཏེ་ཧུཾ་ཕཊ། གྲོ་ག་ལ་སོགས་པ་འཁོར་ལོ་ནི། ལས་ཀྱི་རྡོ་རྗེ་ལ་གནས་པར། ཧི་ནི་དབུས་སུ་བཞམ་ནས་སུ།། མིང་ནི་དབུས་སུ་བཞག་ནས་སུ།
81a3 མིང་ནི་དབུས་སུ་བྲི་བར་བྱ། སྔགས་ཀྱི་ཡི་གེ་ཚིག་རྣམས་ཀྱིས།། བརྒྱན་ཏེ་རྟག་ཏུ་བཞག་པར་བྱ།། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི།། གསང་བ་གསུམ་གྱི་གནས་བསྡུས་པའོ།།
81a4 དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས།། རྡོ་རྗེ་ཨན་ཛ་ནའི་ཚིག་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ལམ་གྱི་བཞི
81a5 མདོའི་བཤང་ལྷའི་དྲང་།། མ་མོའི་གནས་སམ་ཞི་གནས་སུ། དེ་རུ་རྡོ་རྗེ་ཨན་ཛ་ན། ཐོད་པ་རྟག་ཏུ་དབབ་པར་བྱ། ཚིལ་ཆེན་པོ་ཁྲག་དང་བཤང་བ་དང་།། པདྨའི་སྐུད་པ་དང་།
81a6 ཨར་ཀའི་སྐུད་པས་མེ་མར་གྱི་སྙིང་པོ་བྱས་ལ།། ཚེས་ཉི་ཤུ་དགུའི་ནམ་བྱེད་ནས་རྡོ་རྗེ་ཨན་ཛ་ན་དབབ་པར་བྱའོ།། དེ་ཉིད་ལ་སྔགས་བརྒྱ་རྩ་བརྒྱད་བཏང་ན་དངོས་གྲུབ་རྣམ་པ་གསུམ
81a7 དུ་འགྱུ་རོ།། ཞེས་བཅོམ་ལྡན་འདས་ཀུན་དུ་བཟང་པོས་གསུང་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པའི་བདག
81a8 གོ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གསང་བའི་ཡི་གེ་དུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི