| e-texts navigator |
| Wylie |
80b1 ཀྱི།། གསང་ང་གསུམ་གནས་རྡོ་རྗེ་སྐྱེས། བཟང་པོ་བདག་གིས་སྒྲུབ་པར་བྱ།། འདིར་ནི་ལོང་མེ་འཇིགས་པར་འགྱུར།། དེ་ནས་ཕྱག་ན་རྡོ་རྗེས་བསྒྲུབ་པ་པོ་ཐམས་ཅད་ནོ།
80b2 རྗེ་སེམས་པའི་སྡོམ་པ་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། མཐོ་གང་ཙམ་གྱིས་འཕགས་པར་ནི།། སྤྱི་བོར་དཀྱིལ་འཁོར་བརྟག་པར་བྱ།། ཨོཾ་ནི
80b3 དབུས་སུ་གནས་བསམ་ནས།། བདུད་རྩི་ལྔ་པོ་དབབ་པར་བྱ།། རྡོ་རྗེ་སྦྱོར་བ་འདི་ཡིས་ནི།། སྐ་ཅིག་དག་གིས་གཟི་ཅན་འགྱུར།། ལུས་དང་ངག་དང་སེམས་བདེར་གནས་པར།།
80b4 འགྱུར་བ་འདིར་ནི་དགོས་པ་མེད།། དེ་ནས་ཕྱག་ན་རྡོ་རྗེས་སྔགས་འཛིན་པ་ཐམས་ཅད་ཀྱི་ལུས་དང་། ངག་དང་། སེམས་ཀྱི་གསང་བ་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས
80b5 རྡོ་རྗེ་ལས་ཕྱུང་ངོ་།། མཆོད་རྟེན་དག་གིས་ལས་མི་བྱ།། གླེགས་བམ་ཀླག་པའང་མི་བྱ་ཞིང་།། དཀྱིལ་འཁོར་དག་ཀྱང་ཡོང་མི་བྱ།། རྡོ་རྗེ་གསུམ་མཆོག་ཕྱག་མི་བྱའོ།།
80b6 དེ་ནས་ཡང་བྱ་ག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས།། དུག་ཐམས་ཅད་འབྱིན་པའམ། གནོད་པ་དང་། འདྲེན་པའི་གསང་བ་འདི་ཉིད་ཀྱི་སྐུ་དང་།། གསུང
80b7 དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ཧཱུཾ། འོད་ཟེར་དཀར་པོའི་ཕྲེང་བ་ཅན།། འཁོར་ལོའི་དབུས་སུ་ཆུད་པར་བཞག། འོད་ཟེར་སེར་པོ་འཁྲིགས་པ་ནི། སེར་པོ་ལྟ་བུར་བསྒོམ་པར་བྱ།
80b8 རྡོར་གསུམ་འོད་ཟེར་དམ་ཚིག་གིས། ས་བོན་གསང་གསུམ་ལས་བྱུང་བའོ།། དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་པོས།། ལུས་དང་ངག