e-texts navigator
Collection
Volume
Page
Wylie

80a1 རྗེ་ཡིས། རྡོ་རྗེ་ཁཟས་ཀྱི་དམ་ཚིག་གི་བྱ་བ་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཟུགས་རྡོ་རྗེ་ལ་ཕྱུང་ངོ་།། བརྡའ་བའམ་བཏུང་ང་གང་ཅུང་ཟད།། བརྟུལ་ཞུགས
80a2 ཅན་གྱིས་གང་བཟའ་བ། བཤང་ལྕི་ཤའི་སྦྱོར་བ་ཡིས།། ཆོ་ག་བཞིན་དུ་ཡོངསུ་བརྟག། དེ་ནས་ཕྱ་བ་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས
80a3 རྡོ་རྗེ་མཆོད་པའི་མཆོག་འདི་ཉིད་ཀྱི་སྐུ་དང་། བསྲང་དང་། གྲོགས་རྡོ་རྗེའི་ལས་བྱུང་ངོ་།། མཆོད་པའི་ཡོ་བྱད་མཆོག་ལྔ་ཡི།། མཆོད་པ་དེ་དག་མཆོད་པར་བྱ།། འདི་ནི་སྔགས་རྣམས
80a4 ཐམས་ཅད་ཀྱི།། དམ་ཚིབ་ཤིན་ཏུ་འདའ་དཀའ་བའོ།། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་མཆོད་པ་གསང་བ། བསང་བ
80a5 འདི་ཉིད་ཀྱི་སྐུ་དང་། གསུང་དང་། ལྕགས་རྡོ་རྗེ་ལས་ཕྱུང་ངོ་།། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས།། བདག་གི་ཁུ་བ་ལ་སོགས་པས། ཆོ་ག་བཞིན་དུ་ཀུན་མཆོད་ན།།
80a6 སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར།། དེ་ནསུ་ཕྱ་བ་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པ། ལུས་དང་། ངག་དང་། སེམས་ཀྱི་སྡོམ་པ་འདི་ཉིད་ཀྱི་སྐུ་དང་།
80a7 གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། སེམས་ཅན་ཁམས་རྣམས་མཐའ་ཡས་ཀྱི།། དམ་ཚིག་འཛིན་པའི་མ་རྣམས་ལ།། དམ་ཚིག་གསུམ་གྱི་རྡོ་རྗེས་སྤྱད།། སྡོམ་པ་འདི
80a8 ནི་རྨང་པོ་ཆེ། དེ་ནས་ཡང་ཕྱག་ན་རྡོ་རྗེ་བསྒྲུབ་པ་པོ་ཐམས་ཅད་ཀྱི་སྡོམ་པའི་རྡོ་རྗེ་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་དབྱུང་ངོ་།། ལུས་དང་ངག་སེམས་ལོངས་སྤྱོད




iiif viewer powered by OpenSeadragon

79b - 80b

Texts on this page

F415 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po