e-texts navigator
Collection
Volume
Page
Wylie

306b1 པར་བྱ་བའི་ཐབས་དེ་ཁོ་ན་ཉིད་ཐམས་ཅད་ཀྱི་འབྱུང་གནས་སྟན་སྟབས་ཀྱིས་རྣམ་པར་རྒྱལ་བའི་ཐབས་དང་ཤེས་རབ་བདེ་བ་ཆེན་པོའི་རྡོ་རྗེ་སྒྲོལ་བ་རྙོལླ་བྱས་བཞད་ཅིང་བསྒྱིངས་པ
306b2 རྡོ་རྗེ་ཞེས་བྱ་བའི་དཏིང་ངེ་འཛིན་ལ་སྟོན་པར་ཞུགས་ནས། རྒྱ་འཕྲུལ་དྲ་བའི་རྒྱུད་ཀྱི་དམ་ཚིག་དང་།། དཀྱིལ་འཁོར་དང་།། རི་མོའི་གཟུགས་དང་།། བཟླས་བརྗོད་དང་། སྟང་སྟབས
306b3 དང་།། སྦྱོར་བ་བགོད་པ་དང་།། ཏིང་ངེ་འཛིན་དང་།། དབབ་པ་དང་།། བསྐད་པ་དང་།། དབྲོག་པ་དང་། དགུ་པ་དང་། བཅིང་བ་དང་།། བརྡེག་པ་དང་།། སྡིགས་པ་དང་།། ཉམས་ཟག་པར
306b4 བྱ་བ་དང་།། བཅད་པ་དང་།། བསྲེག་པ་དང་།། བསྐང་བ་དང་།། བསྐྲན་པ་དང་། དབང་བསྐྲུན་པ་དང་། སྦྱིན་པ་དང་། སློབ་དཔོན་དང་།། སློབ་མ་བཟུང་བ་དང་།། གསང་སྔགས
306b5 མང་པོའི་འཇོ་ཚུལ་རྣམས་ངས་བཤད་པར་བྱའོ།། དེའི་ཕྱིར་ཁྱོད་ཀྱིས་ཀྱང་ཏིང་ངེ་འཛིན་མཆོག་ལ་སྙོམས་པར་ཞུགས་ལ་ཉོན་ཅིག། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཟམས
306b6 ཅད་དང་།། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་།། གཞན་ཡང་གང་དག་འཁོར་དུ་འདུས་པ་དེ་དག་ཐམས་ཅད་ཀྱིས།། ཆོས་ཀྱི་འབྲེལ་བའི་གཏི་མཉན་པར་བཙམ་སོ།། དེ་ལ།
306b7 རེ་ཤིག་དང་པོ་དངོས་གྲུབ་ནི་སློབ་དཔོན་ཚོགས་ཀྱི་རྗེས་སུ་བཟང་བ་ཡིན་པས།། སློབ་དབེན་མེད་པར་གྱུར་ན་ནི།། དངོས་གྲུབ་ཐོབ་པར་མི་འགྱུར་བས།། སློབ་དཔོན་མཚན་ཉིད་བཤད
306b8 བར་བྱ། ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག། བརྟན་ཞིང་དུས་ལ་བློ་གྲོས་ལྡན།། བཟོད་ལྡན་དྲང་ཤིང་ན་མཽ་སྨྲ་མེད།། བསང་སྔགས་རྒྱུད་ཀྱི་སྦྱོར་ཤེས་པས།། དཀྱིལ་འཁར་བྲིབའི་ལས




iiif viewer powered by OpenSeadragon

306a - 307a

Texts on this page

F422 - rgyud kyi rgyal po chen po sgyu 'phrul dra ba zhes bya ba