| e-texts navigator |
| Wylie |
305b1 རྒྱ་གར་སྐད་དུ། མཱ་ཡཱ་ཛཱ་ལ་མ་ཧཱ་ཏནྟྲ་རཱ་ཛ་ནཱ་མ། དོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དཱ་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ།།
305b2 འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་གནས་གཙང་མིའི་སྟེང་ན། ཁང་པ་བརྩེགས་པ་རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་བཀོད་པ། རྡོ་རྗེ་ཀ་ངས
305b3 བརྒྱན་པ་ཤིན་དུ་མཛེས་པའི་རིན་པོ་ཆེན་བཤང་པས་རྣམ་པར་བཀྲ་བ། རྡོ་རྗེའི་དྲིལ་བུ་འཁྲོལ་བ།། ཡིད་ལས་བྱུང་བའི་ཆད་པའི་ཁྱད་པར་ཆེན་པོས་བརྒྱན་པ།། རྡོ་རྗེའི་འཁོར་ལོས་སྤྲོས
305b4 དེ་བཞིན་གཤེགས་པའི་སྤྲུལ་པའི་ཆ་བྱད་སྣ་ཚོགས་འཆང་བ་རྣམས་ཀྱིས་དོན་གྱི་བྱ་བ་བྱས་པ། རྣམ་པར་སྣང་མཛད་ཀྱི་སྙིང་པོ་ལས་ཡང་དག་པར་འབྱུང་བའི་སྤྱོད་པ་བསྐྱོད་ནས།
305b5 ཞལ་བཞིའི་སྒོ་འགོ་སྐབས་ན་ནས་བྱུང་བ་སྣ་ཚོགས་དང་།། རྡོ་རྗེ་དང་རིན་ཆེན་པོ་དང་།། འོད་དཔག་མེད་དང་།། བྱང་ཆུབ་སེམས་དཔའ་སེཾས་དཔའ་ཆེན་པོའི་ཚོགས་དང
305b6 རིགས་སྔགས་ཀྱིས་ལྷ་མོ་རྣམས་ཀྱིས་བརྒྱན་པ། ཁྲོ་བོའི་རྒྱལ་པོ་དང་།། བྲན་དང་། ཟན་མོ་མ་དང་། ཕྱག་བསྟེན་དང་།། ཕྱག་བསྟན་མོ་དུ་མིའི་འཁོར་གྱིས་བསྐོར་ཅིང་མདུན
305b7 བལྟས་པ། ཏིང་ངེ་འཛིན་ཡེ་ཤེས་ཀྱི་བདེ་བ་དེའི་བདེག་ཉིད་དང་།། དམིགས་པ་དང་མ་བྲལ་བ།། ཐུགས་རྗེ་ཆེན་པོས་མཉེས་གཤིན་པ།། སེམས་ཅན་ཐམས་ཅད་བསྒྲལ