e-texts navigator
Collection
Volume
Page
Wylie

304a1 1། ལ་རབ་བརྟེན་ཏེ།། བྱང་ཆུབ་དམ་པ་ཐོབ་འགྱུར་བ།། སེམས་ཅན་སླུ་བར་མི་བྱ་སྟེ།། བདེ་གཤེགས་ལས་ལ་སེམས་ཅན་སྦྱར། གང་ཞིག་སྦྱོར་འདི་མི་བཙན
304a2 པས།། རྐང་ལག་མིག་སོགས་སྦྱིན་པ་དང་།། ཀྲ་ཐུབ་ཅི་འདྲ་སྤྲད་བྱས་ཀྱང་།། བདུད་རྩི་རོ་ཐོབ་མི་ནུས་སོ།། རྣལ་འབྱོར་གཅིག་ཅིག་ཤེས་བྱས་ནས།། དབེན་པར་སོང་སྟེ་རབ
304a3 འབད་ན།། སྡིག་དག་ཚེ་འདིར་སངས་རྒྱས་འགྲུབ།། ཆོས་བདག་མེད་པར་རབ་བསྒོམས་པས།། ཐམས་ཅད་མཁྱེན་པ་ཁོང་དུ་ཆུད།། ཐབས་ཤེས་གཉིས་ཀྱི་འཇོ་སྒེག་གིས།། གསང
304a4 བ་ལྔའི་བདག་ཉིད་མཆོད།། དངོས་པོ་ཐམས་ཅད་དངོས་མེད་པར། བཞི་བཅུའི་དོན་ནི་རྟོགས་པ་དང་།། རྡོ་རྗེ་པདྨ་དབང་བ།། བདུད་རྩི་ཡིས་ནི་དགའ་བར་བྱེད།། གསང་བར་བྱ་བའི་ཆོས
304a5 གསང་བས།། གསང་ཞིང་སྦས་ཏེ་སྤྲད་པར་བྱ།། འདོད་པའི་ཡོན་ཏན་ལྔ་ལ་ནི།། རྣམ་འདུལ་སེམས་པས་བྱ་ཞིང་།། དེ་བཞིན་བཟའ་དང་བཏུང་བྱས་ནས།། སེམས་ཅན་ཐམས་ཅད
304a6 དབང་དུ་བྱེད།། འདི་ལ་ཁྲུས་དང་གཙང་སྦྲ་མེད་དེ་མཆོད་ཕྱིར་ཐོགས་པའང་མེད།། དཀྱིལ་འཁོར་སྤྲིན་བསྲེག་མེད་དེ་དུས་དང་བཟའ་ཚེས་མེད།། གཏོར་མ་ལ་སོགས་བྱ་བར་བྱ་བ་མེད
304a7 དེ་མཆོག་གི་མཆོག་དང་པོ།། རྡོ་རྗེ་སེམས་དཔའི་བསྒྲུབ་པ་ཡང་དག་འདི་ཉིད་ཡིན་ཏེ་བརྩོན་པར་བྱ།། དེ་ནས་མཁའ་འགྲོ་དེ་དག་ཐམས་ཅད་རང་དུ་དགའ་ནས་བཅོམ་ལྡན་འདས་རྡོ་རྗེ
304a8 འཛིན་པ་ཆེན་པོ་ལ་ལེགས་སོ་ཞེས་གསོལ་ཏེ། ལེགསོ་ལེགསོ་བདེ་བྱེད་ཆེ།། ལེག་སོ་ལེགསོ་ཡེ་ཤེས་ཆེ།། ལེ་གསོ་ལེགསོ་བདེ་བ་ཆེ།། ལེགསོ་ལ་གསོ་སྣ་ཚོགས་ཆེ།། ལེགསོ།།




iiif viewer powered by OpenSeadragon

303b - 304b

Texts on this page

F421 - dpal rdo rje snying po rgyan gyi rgyud ces bya ba