e-texts navigator
Collection
Volume
Page
Wylie

303a1 རྡོ། ཟེར་གྱི་ཚོགས་ཀྱི་ཕྲེང་བ་མཆོག་ཏུ་བདེ་བར་འགྱུར་བའི་སྙིང་པོ་དེས་སྐུལ་བ་ན་གར་མཛད་ཅིང་རང་རང་གི་ཏིང་འཛིན་དུ་དམིགས་ནས་བཅོམ་ལྡན་འདས།
303a2 དཔལ་ཀུན་དུ་བཟང་པོའི་ཐུགས་ཀ་ནི་ཟླ་བའི་ཐིག་ལེའི་དབུས་སུ་གསང་བའི་དགེས་པ་ཆེན་པོའི་བདེ་བར་གཅིག་ཏུ་བསྡུས་པར་གྱུར་ཏེ། རང་རང་གི་སྐུ་བུད་མེད་ཀྱི་ཚུལ་དུ་བསྐྱེད
303a3 ནས་བཅོམ་ལྡན་འདས་ཀྱི་ཐུགས་ཁ་ནས་མངོན་པར་གྱུར་ཏོ།། དེ་ནས་མཁའ་འགྲོའི་ཚོགས་དེ་དག་ཐམས་ཅད་རབ་དུ་དགའ་ནས་ཅ་ཅོའི་སྒྲ་ཡང་དག་པར་འབྱིན་ཅིང་། དབྱངས་ཆེན།
303a4 ཕོ་བརྗོད་པར་གྱུར་ཏོ།། ཀྱེ་མའོ་རྡོ་རྗེ་སེམས་དཔའ་ཡི།། རྡོ་རྗེ་ཤིན་དུ་དགེས་ཆེན་པོ།། ཀྱེ་མའོ་ཐབས་ནི་བདེ་བྱེད་ཆེ།། སྣ་ཚོགས་ཡེ་ཤེས་བདེ་བ་ཆེ།། ཀྱེ་མའོ་ཀུན་དུ་བཟང་པོ།
303a5 ཡི།། དགེ་བའི་ཡེ་ཤེས་བདེ་བྱེད་ཆེ།། གང་བདེའི་ཕྱིར་ནི་རིག་མ་ཡི།། པདྨོ་ལ་ནི་གནས་པར་མཛོད།། ཀྱེ་མའོ་རེག་པ་ཤིན་དུ་ཟག། ཤེས་རབ་ཕ་རོལ་ཕྱིན་མ་འདི།། སེམ
303a6 ཅན་ཀུན་ལ་ཤེས་རབ་ཀྱི།། མུན་པ་ཐིབས་པོ་སེལ་བར་མཛད།། ཀྱེ་མའོ་ཐམས་ཅད་ངོ་མཚར་ཆེ།། མཁའ་འགྲོ་འདྲ་བར་གར་མཛད་ཅིང་། རྣམ་པར་སྣང་མཛད་མྱང་བ་དང་།།
303a7 མཉེ་དང་ནི་འཕྲོག་པ་མཆོག། ཀྱེ་མའོ་ཤིན་དུ་རབ་དུ་དགེས།། སྐལ་ལྡན་བསྐལ་སྤྱོད་པ་དང་ནི།། སྣ་ཚོགས་སྐལ་པས་བདེ་བྱེད་ཆེ། སྣ་ཚོགས་རྡོ་རྗེ་ཤིན་དུ་མཛེས།། དེ།
303a8 ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེའི་འཆང་ཆེན་པོས་ཏི་ངེ་འཛིན་ལས་བཞེངས་ཏེ། འཁོར་གྱི་དཀྱིལ་འཁོར་ལ་རྣཾ་བར་བལྟས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ།།




iiif viewer powered by OpenSeadragon

302b - 303b

Texts on this page

F421 - dpal rdo rje snying po rgyan gyi rgyud ces bya ba