e-texts navigator
Collection
Volume
Page
Wylie

298b1 མདངས་དང་ལྡན།། མྱོས་བྱེད་སྲེགས་པ་རོའི་མཁར།། མཚན་གཅིག་ཐོག་ཐག་སྦྱིན་བསྲེག་བྱ།། དེ་ནས་ཐོ་རངས་དུས་སུ་ཡང་།། ཁྲག་ཆེན་ཕྱོགས་བཞིར་གཏོར་བྱས་ནས།།
298b2 མར་ཁུ་ཆེན་པོ་རོ་ལ་སྐུ།། དེ་ནས་རོ་དེ་ལངས་གྱུར་ཏེ།། ཁྲོ་དང་ལྡན་པའི་ཨག་ཙར་གྱིས།། ས་གསུམ་མེའི་སྒྲས་འགེངས་བྱེད།། དེ་ཚེ་སྒྲུབ་སྐྲག་མི་བྱ།། མཱ་མ་ཀིའི་སྦྱོར་བ་སོག།།
298b3 བསྲུང་བའི་འཁོར་ལོས་བསྲུང་བར་བྱ།། སྐྲག་ན་དེ་མ་ཐག་ཏུ་གསོད་།། དེ་ཚེ་བསྲུང་བས་བསྲུང་བྱས་ནས།། བདག་ཉིད་ལངས་ཏེ་དེའི་ངོར།། ཡུངས་ཀར་གྱིས་ནི་བརྡེག་པར་བྱ།།
298b4 དེ་ནས་དེ་ནི་བབང་གྱུར་ཏེ།། སྒྲུབ་པ་པོའི་མདུན་གནས་ནས།། བཀའ་ནོད་འདི་སྐད་སྨྲ་བར་བྱེད།། སེམས་ཅན་ཆེན་པོ་ཁྱོད་ཅི་འདོད།། བདག་ལ་ཡང་དག་བཀའ་སྩོལ་ཅིག།
298b5 རལ་གྲི་མིག་སྨན་ས་འོག་གམ།། རྐང་འགྱོགས་དེ་བཞིན་བཅུད་ཀྱིས་ལེན།། མི་སྣང་འགུགས་པས་ལས་གང་དག། བདག་གིས་ཅི་ཞིག་སྦྱར་བར་བྱ།། དེ་ནས་སྒྲུབ་པོ་དེ་ཡིས
298b6 ཀྱང་ཉ་གང་འདོད་སྨྲས་ནས་ཅང་ཏིའུ་བརྡུང་།། དེ་ནས་རོ་ལངས་ཁ་དེ་ནས།། དུ་བ་འཐུལ་ཞིང་མེ་འབར་བ།། དེ་ནས་སྦྲུལ་ནག་ལྟ་བུ་རུ།། རེའི་ཁ་ནས་འབྱུང་བར་བྱེད།། དེ་དེ་སྒྲུབ
298b7 པས་ཁ་ཡིས་བླང་།། བྱུང་སྟེ་གསེར་གྱི་རལ་གྲིར་འགྱུར།། དེ་ཐོག་ཚངས་པའི་འཇིག་རྟེན་ཁམས།། སྟེང་དུ་ངེས་པར་འགྲོ་བར་བྱེད།། དེ་བཞིན་ཀུན་དུ་འགྲོ་བར་བྱེད།། དེ་བཞིན་རྫས
298b8 ཀུན་གང་ལ་བསྟན།། ཟམ་ཅད་གསེར་འགྱུར་རྩི་ལྟ་བུ།། དེ་བཞིན་ཐབ་གྲུབ་དེ་བྱས་ནས།། རོ་ནི་སྔ་མ་བཞིན་འགྱུར་ཏེ།། དེ་ཡིས་སྦྱིན་བསྲེག་རབ་བྱས་ནས།། དཀྱིལ་འཁོར་ཡང་དག




iiif viewer powered by OpenSeadragon

298a - 299a

Texts on this page

F421 - dpal rdo rje snying po rgyan gyi rgyud ces bya ba