| e-texts navigator |
| Wylie |
282a1 བྱཿདཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་རི་མོའི་དཀྱིལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། དབང་བསྐུར་བའི
282a2 ཆོ་གའི་མཆོག། གང་གིས་ལེགས་པར་བྱས་འགྱུར་བ།། དེ་ནི་སངས་རྒྱས་ཉིད་དུ་འགྲུབ།། སློབ་དཔོན་མཚན་ཉིད་ཐམས་ཅད་ལྡན།། ཡང་དག་ཤེས་ཤིང་རྒྱུད་ཤེས་པ།། དེ་ཉིད་བཅུ་ལ
282a3 སོགས་པ་ཡི།། གསང་རིག་ཆོ་ག་ཤེས་པ་པོས།། བསྒྲིམས་ཏེ་སློབ་མ་ཡང་དག་བཟུང་།། བླ་མ་ལ་གུས་དང་པའོ།། དགེ་བསྒོམ་ལྷ་རྣམས་མཆོད་བྱེད་པ།། གཏོང་བོད་ཡོན་ཏན་ལྡན་པའོ།།
282a4 དེ་ནས་སློབ་མ་དེ་ཡིས་ཀྱང་།། ལངས་ཏེ་ཞབས་ལ་མགོས་གཏུགས་ནས།། རྒྱལ་པོ་དབང་ཕྱུག་བདེ་དམ་པ།། གོས་དང་རྒྱན་གྱིས་ལེགས་པར་བགོས།། སྟེང་དུ་བླ་རེ་བྲི་བར་བྱ།། གདུག
282a5 དང་རྒྱལ་མཚན་བ་དན་དང་།། ལྷམ་དང་ཚངས་པའི་སྐུད་པ་དང་།། གདུ་བུ་དག་དང་སྐེ་རིགས་དང་།། བཀྲ་ཤིས་ཚིགྲ་བཅད་སྣ་ཚོགས་ཀྱིས།། སློབ་མ་སྡིག་དང་བྲལ་བ་ལ།། སློབ་དཔོན་གྱིས་ནི
282a6 དབང་བསྐུར་རོ།། དང་པོ་རྣམ་རྒྱལ་བུམ་པ་དང་།། དེ་ནས་ལྷ་མོ་བཞི་རྣམས་དང་།། ལྷ་རྣམས་ཀུན་གྱི་བཞི་པོ་ཡིས།། བཀྲ་ཤིས་ཚིགས་བཅད་གླུ་སྒྲ་དང་།། རྡོ་རྗེ་དྲིལ་བུ་བསིལ་བ་ཡིས།།
282a7 སྐྱོབ་པའི་དཀྱིལ་འཁོར་མངོན་སུམ་དུ།། ཏིལ་གྱི་གང་བུ་བཞིན་གང་བའི།། རྒྱལ་བས་བུམ་པ་བཟུང་ནས་ནི།། དེ་ཉིད་ལ་ནི་དབང་བསྐུར་བར།། དཀྱིལ་འཁོར་དེ་ཉིད་རིག་པར་བས
282a8 དེ་ལྟ་བུ་ནི་བསམ་ནས་ཀྱང་།། ཆོས་ཀྱི་མཚན་ཉིད་ལྡན་པར་བྱ།། དེ་ནས་ཡིད་འོང་བུ་མོ་ནི།། ལེགས་པར་གོམས་པ་དབང་ཐོབ་ན།། རྒྱན་གྱིས་རབ་བརྒྱན་རབ་མཛེས་པ།།