e-texts navigator
Collection
Volume
Page
Wylie

278a1 སེམས་དཔའ་ཆེན་པོ་ཞུས་པ་ལེགས།། ས་འོག་མའི་སངས་རྒྱས་ཀྱང་།། འདིའི་གཞུང་གི་སེམས་རྨོངས་ན།། སེམས་དཔའ་གཞན་ནི་སྨོས་ཅི
278a2 དགོསསངས་རྒྱས་ཆོས་ཉིད་དག་པ་འདི།། བྱིས་པ་རྣམས་ཀྱིས་མི་རྟོགས་ཕྱིར།། བྱིན་གྱིས་བརླབས་ནས་འཆད་པ་ནི།། སྟོན་པ་རྣམས་ཀྱིས་ཆོས་ཉིད་དོ།། དེ་ནས་རྡོ་རྗེ་མཁ
278a3 འགྲོ་དེ་དག་ཐམས་ཅད་རབ་ཏུ་དགའ་ནས་ཡང་མཆོད་པའི་ཚོགས་ཀྱིས་མཆོད་དེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལེགས་སོ་ལེགས་སོ།། དེ་བཞིན
278a4 གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་བདག་བྱིན་གྱིས་བརླབ་པ་མཛད་དུ་གསེལ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཐུན་མོང་མ་ཡིན་པ་བརྟན་ཅིང་། ཟམ་པ་ཐམས
278a5 ཅད་ཀྱི་དབང་ཕྱུག་གིས་བདག་ཅག་བྱིན་གྱིས་བརླབ་པར་མཛད་དུ་གསོལ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དབང་ཕྱུག་གི་རྡོ་རྗེ་མཁའ་འགྲོ་དེ་དག་གིས་གསོལ་བ་བཏབ་པ
278a6 མཁྱེན་ནས་སེམས་དཔའ་ཐམས་ཅད་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་ཀྱི
278a7 གསང་བ་བསྡུས་པ་ཞེས་བྱ་བའི་སྙིང་པོ་འདི་རང་གི་ཐུགས་ལས་ཕྱུང་ངོ་།། ཨོཾ་ཨཱཿཧཱུཾ་ས་མ་ཡ་བཛྲ། དེ་ནས་ཕྱང་མ་ཐག་ཏུ་དེའི་འོད་ཟེར་གྱིས་རྡོ་རྗེ་མཁའ་འགྲོའི་འཁོར་དེ་དག
278a8 ཐམས་ཅད་བསྡུས་ནས་རང་གི་སྙིང་ཁར་བཙུད་ནས་བུད་མེད་ཀྱི་དཀྱིལ་ན་བརྒྱལ་བ་ལྟར་གནས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་དེ་བསླང་བའི




iiif viewer powered by OpenSeadragon

277b - 278b

Texts on this page

F421 - dpal rdo rje snying po rgyan gyi rgyud ces bya ba