| e-texts navigator |
| Wylie |
277b1 བྱ་བའི་རྡོ་རྗེ་ཆེན་པོ་དང་། འདུ་བྱེད་ཀྱི་མཚན་ཉིད་ལ་རྟོག་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་དང་། རྣམ་པར་ཤེས་པའི་མཚན་ཉིད་བསྡུས་པ་ཞེས་བྱ་བའི་རྡོ་རྗེ
277b2 མཁའ་འགྲོ་ཆེན་པོ་ལ་སོགས་པ་ནམ་མཁའི་དབྱིངས་དང་མཉམ་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་འདི་ཏིལ་གྱི་གང་བུ་ལྟ་བུར་སྣང་ངོ་།། དེ་ནས་རྡོ་རྗེ་མཁའ་འགྲོ་དེ
277b3 དག་ཐམས་ཅད་གཅིག་ཏུ་འདུས་ནས་མཁའ་འགྲོ་ཆེན་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་མཆོད་པའི་སྤྲིན་སྤྲོས་པ་དུ་མ་ཡིད་ལས་བྱུང་བ་ལྷ་དང་མིའི་མཆོད་པ་ལས་ཁྱད་པར་དུ
277b4 འཕགས་པས་མཆོད་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་རྣམས་ཐམས་ཅད་ཀྱི།། གསུང་གསུམ་བསྡུས་པ་སྤྱོད་པའི་མཆོག། རྡོ་རྗེ
277b5 སྙིང་པོའི་རྒྱན་གྱི་མཆོག། འདྲེན་པ་མཆོག་གི་བཤད་དུ་གསོལ།། དེ་ནས་རྡོ་རྗེ་ཆེན་པོས་གསོལ་བ་བཏབ་པའི་ཚིག་གསན་ནས་མཁའ་འགྲོ་ཐམས་ཅད་ལ་རྣམ་པ
277b6 བལྟས་ཏེ་ཅང་མི་གསུང་བར་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའི་རྡོ་རྗེ་མཁའ་འགྲོ་དེ་དག་ཐམས་ཅད་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདྲ
277b7 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་ཡོན་ཏན་ཁྱད་པར་དུ་འཕགས་པའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་ལ་སོགས་པའི་འཁོར་དུ་འཆང་དུ་མ་བཞེད་པ་དེ་བདག
277b8 ཅག་ལ་མི་དགེ་སུ་མ་མཛད་ཅིག། དེ་ནས་དེ་བཞིན་གཤེགས་པའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོས་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ཏེ་ཚིག་སུ་བཅད་པས་གསུངས་པ།