e-texts navigator
Collection
Volume
Page
Wylie

275a1 བཅཝོ་བརྒྱད་དོ།། དེའི་བདེན་པ་ནི་གན་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ། དོན་དམ་པའི་བདེན་པ་ལ་རབ་ཏུ་གནས་པའི་རྣལ
275a2 འབྱོར་ཆེན་པོ་པ། ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ལ་བརྟེན་ནས། སེམས་ཅན་གྱི་དོན་ཇི་ལྟར་རབ་ཏུ་སྤྱོད་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
275a3 ཇི་སྲིད་དུ་ཞི་བ་ལ་སོགས་པའི་ལས་ཀྱིས་སེམས་ཅན་གྱི་དོན་མི་བྱེད་པ་དེ་སྲིད་དུ། ཡང་དག་པའི་མཐའ་ལ་རབ་ཏུ་གནས། པར་འགྱུར་རོ།། གང་དུ་སེམས་ཅན་གྱི་དོན
275a4 བྱ་བར་མཐོང་བ་དེའི་ཚེ། བདག་བྱིན་གྱིས་བརླབ་པའི་རིམ་པས། ཡང་དག་པའི་མཐའ་ལས་ལངས་ཏེ། སེམས་ཅན་གྱི་དོན་བྱས་ནས། ཡང་དག་པའི་མཐའ་ཉིད
275a5 ལ་འཇུག་པར་བྱེད་དོ།། དེ་ནས་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དགའ་ཞིང་མགུ་ལ་ཡིད་རངས་ཏེ། དགའ་བ་དང
275a6 ཡིད་བདེ་བ་སྐྱེས་ནས། ཅང་མི་སྨྲ་བར་གྱུར་ཏོ།། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཕྱུང་བ། བདེ་བ་ཆེན་པོའི་ལེའུ་སྟེ།
275a7 རིམ་པ་གཉིས་རྫོགས་སྷོ།། ། @རྒྱ་གར་གྱི་མཁན་པོ་མ་ཧཱ་པཎྜི་ཏ་ཛྙཱ་ན་ཀ་རིའི་ཞལ་མངའ་ནས། ཞུ་ཆེན་གྱི་ལོཙྪ་བ་ཁུ་སྟོན་དངོས
275a8 གྲུབ་ཀྱིས་བསྒྱུར་ཅིང་། སླད་ནས་བླ་མ་དེ་ཉིད་དང་། དགེ་སློང་ཚུལ་ཁྲིམ་རྒྱལ་བས་ཞུས་ཤིང་གཏན་ལ་བབ་པའོ།། ཞུས་དག། དགེ།། མཁྲིས། མངྒ་མཾ།




iiif viewer powered by OpenSeadragon

274b - 275b

Texts on this page

F420 - ye shes rdo rje kun las btus pa zhes bya ba'i rgyud