| e-texts navigator |
| Wylie |
274a1 སྩལ་པ། དོན་དམ་པའི་བདེན་པ་དག་བྱིན་གྱིས་བརློབ་པའི་རིམ་གྱིས་ལངས་ཏེ།། འདོད་ཆགས་འབྱུང་བའི་བྱང་ཆུབ་ཀྱི་གནས་རབ་ཏུ་བསྟན
274a2 པའི་ཕྱིར། བཙུན་མོས་འཁོར་གྱི་དབུས་སུ། འཁོར་ལོ་བསྒྱུར་བའི་གཟུགས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས།། བཙུན་མོའི་བྷ་ག་ལ་ཡང་དག་པར་ཞུགས་ཏེ།
274a3 འཇིག་རྟེན་གྱི་སྤྱོད་པ་དང་འགལ་བ། རྨད་དུ་བྱུང་བ་རྡོ་རྗེའི་ཚིག་མཐའ་དྲུག་གང་གིས་རབ་ཏུ་སྤྱད་དེ་བསྒྲུབ་པར་བྱ་བ་ནི། རྣལ་འབྱོར་གྱི་རྒྱུད་ལ་གནསོ།། རིག་པའི་ལྷ
274a4 མོ་རྣམས་ཀྱི་ལྷན་ཅིག་དཀྱིལ་འཁོར་གྱི་འཁོར་ལོ་དགོད་པ་དང་། དེ་ལས་བྱུང་བ་བྱེད་པ་ལས་དང་། བསྒྲུབ་པ་ལ་སོགས་པ་དེ་ཁོ་ན་ཉིད་རྣམ་པ་བཅུ་རབ་ཏུ་སྤྱད་དེ། བསྒྲུབ
274a5 བར་བྱེད་པ་ནི་གཉི་ཀའི་རྒྱུད་ལ་གན་སོ།། ལས་ཀྱི་བྱ་བ་སྣ་ཚོགས་རྒྱ་ཆེན་པོ། བྱ་བའི་རྒྱུད་ཀྱི་ཕྱག་རྒྱ་དམིགས་པའི་མཚན་ཉིད་རབ་ཏུ་སྤྱད་པས། བསྒྲུབ་པ་དང་། བསྒྲུབ་པར
274a6 བྱེད་པ་ནི། སྤྱོད་པའི་རྒྱུད་ལ་གནས།། འཇིགས་པ་དམིགས་ཤིང་ཤིན་དུ་གཙང་སྒྲ་བྱེད་པ་དང་། ཡེ་ཤེས་སེམས་དཔའི་བདེ་བ་དམ་པོ་མེད་པ་དང་། བདག་ཉིད་ལྷའི་མཉེས
274a7 བ་མེད་པ་དང་། རྨད་དུ་བྱུང་བའི་སྤྱོད་ཡུལ་མ་ཡིན་པ་དང་། སྐྱོན་གྱི་རྒྱུའི་རྟོག་པ་རབ་ཏུ་སྤྱོད་པས་བསྒྲུབ་པར་བྱེད་པ་ནི། བྱ་བའི་རྒྱུད་ལ་གན་སོ།། སྔགས་དང་། སྨན་དང
274a8 སྦྱིན་བསྲེག་དང་ཕྱེ་མ་དང་། མིག་སྨོན་དང་། རྐང་འགྱོགས་ལ་སོགས་པ་དངོས་གྲུབ་ཆེན་པོ་བརྒྱད་རབ་ཏུ་སྦྱང་བ་སྒྲུབ་པར་བྱེད་དེ།། རྟག་པ་ལ་གནསོ།། བྱང་ཆུབ་སེམས