| e-texts navigator |
| Wylie |
273b1 དང་། མཆོད་སྦྱིན་དང་། གཏོར་མ་དང་། སྨན་དང་། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་རྣམས་དང་། དེ་བཞིན་དུ་འཇིག་རྟེན་པའི་དངོས་གྲུབ་ཆེན་པོ་བརྒྱད་གསུང
273b2 པ་རྣམས་ནི་སྒྲ་ཇི་བཞིན་སྟེ། འདི་ནི་ཡི་གེ་དོན་གྱི་བཤད་པའོ།། ཀོ་ཏྱཱ་ཀྱ། ཀོ་ཏ་པ། ཀོ་ཏ་བྷཤྨ། ཀོ་ཏི་ར་ག། ཀོ་ལ་ཁྱ། ཀོ་ལ་ཁ། ཀོ་ལ། ཀོ་ལ་བྷཤྩ་ཀ་ལི་སྠ་ཐ།
273b3 འདི་དབང་པོ་དང་ཡུལ་གསུངས་ཏེ། དེ་ལྟ་བུ་ལ་སོགས་པའི་རྡོ་རྗེས་ཚིག་རྣམས་ནི། སྒྲ་བཞིན་མ་ཡིན་པས་བཤད་པའོ།། བྱང་ཆུབ་སེམས་དཔའ་ཆེན་པོའི
273b4 གསོལ་པ། བཅོམ་ལྡན་འདས་རྣལ་འབྱོར་གྱི་རྒྱུད་དང་། གཉི་གའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། བྱ་བའི་རྒྱུད་དང་། རྟོག་པའི་རྒྱུད་རྣམས་ཀྱི་ཚད་ནི་ཇི་ལྟར་ལགས
273b5 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྣལ་འབྱོར་ཆེན་པོའི་མིང་གི་མིང་སྟོང་ཕྲག་བཅུ་གཉིས་ཞེས་བྱ་སྟེ། རྒྱས་པར་བྱས་ན་གྲངས་མེད་དོ།། གཉི་ཀའི་རྒྱུད་སྟོང
273b6 ཕྲག་གཅིག། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ།། བྱ་བའི་རྒྱུད་སྟོང་ཕྲག་བཞིའོ།། དེ་དག་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཏེ། རྒྱུད་དང་རྟོག་པའི་མིང་གི་ཐ་མའི་ཡི་གེ་ཇི
273b7 སྙེད་པ་ནི། ཀ་ཁ་ག་བྷ་ང། ཙ་ཚ་ཛ་དྷ་ཉ། ཊ་ཏྲ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། བ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ། འདི་དག་མི་ཡཱིགྣེའི་མང་གི་ཟ་མ་རྣམ་སོ།། བྱང་ཆུབ་སེམ
273b8 དཔའ་ཆེན་པོ་རྣམས་ཀྱི་གསོལ་པ། བཅོམ་ལྡན་འདས་དེ་རྣམས་ཀྱི་བྱེད་པ་དང་། ཆོ་ག་དང་། བསྒྲུབ་བྱ་དང་། བསྒྲུབ་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་དཀའ