e-texts navigator
Collection
Volume
Page
Wylie

273a1 མ་ཡིན་པས་བཤད་པ་དང་། དྲང་བའི་དོན་དང་། ངེས་པའི་དོན་དང་། སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་པ་མ་ཡིན་པ་རྣམ་སོ།། བྱམས་པ་ལ་སོག
273a2 པས་ཐུགས་བརྩེ་བ་ཉེ་བར་བཞག་སྟེ། བཅོམ་ལྡན་འདས་ཚིག་རེ་རེའི་བཤད་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གང་མཐར་ཐུག
273a3 པ་བཤད་པ་དེ་ཉིད་དགོངས་པས་བཤད་དེ། འདི་ལྟ་སྟེ།། འདོད་ཆགས་དང་བྲལ་བ་མ་ཡིན་པ་དང་། བར་མ་ཉེ་བར་མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་རྡོ
273a4 རྗེའི་ཚིག་བཤད་པ་རྣམས་ནི་དགོད་པས་བཤད་པའོ།། ལུས་དང་ངག་དང་། ཡིད་མེད་པ་དང་། བདག་མེད་པ་དང་། ཐམས་ཅད་སྟོང་པ་དང་། དག་པ་དང་། འོད
273a5 གལ་བ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེའི་ཚིག་ནི་དགོད་པ་མ་ཡིན་པས་བཤད་པའོ།། ག་པུར་དང་། ཁྲག་ཆེན་པོ་དང་། ཙན་དན་དམར་པོ་དང་། རྡོ་རྗེ་དང་། པཱ་མ
273a6 དང་། ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་དྲང་བའི་དོན་ཏེ། ག་བུར་ནི་ཁུ་བ་དང་། ཁྲག་ཆེན་པོ་ནི་ཟླ་མཚན་གྱི་ཁྲག་དང་། ཙན་དན་དཀར་པོའི་ཁུ
273a7 བ་དང་བསྲེས་པ་ནི་ཙ་ན་དན་དམར་པོའོ།། རྡོ་རྗེ་ནི་མཚན་མ་སྟེ་ཐབ་སོ།། པདྨ་ནི་བྷ་ག་སྟེ། ཤེས་རབ་ཕྱག་རྒྱ་དང་། བཙུན་མོ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི
273a8 ཚིག་རྣམས་ནི་ངེས་པའི་དོན་ཏོ།། གཉི་ག་དང་། སྤྱོད་པ་དང་། བྱ་བའི་རྒྱུད་རྣམསུ་དོན་གསལ་བར་གསུངས་པ་ནི། སྒྲ་ཇི་ལྟ་བ་སྟེ། འདི་ལྟ་སྟེ། དཀྱིལ་འཁོར།




iiif viewer powered by OpenSeadragon

272b - 273b

Texts on this page

F420 - ye shes rdo rje kun las btus pa zhes bya ba'i rgyud