| e-texts navigator |
| Wylie |
272b1 སེམས་དཔའ་ཆེན་པོའི་གསོལ་བ། བཅོམ་ལྡན་འདས་ཐབས་གང་གིས་མཐར་ཐུག་པ་ཐོབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུང་པོ
272b2 དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་མཐའ་སྟོང་པ་གསུམ་མོ།། སྟོང་པ་གསུམ་གྱི་མཐའ་འོད་གསལ་བའོ།། བྱང་ཆུབ་སེམས་དཔའ་ཆེན་པོའི
272b3 གསོལ་པ། བཅོམ་ལྡན་འདས་སྟོང་པ་གསུམ་པ་འོད་གསལ་བའི་མཐའ་ཇི་ལྟར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་མེས་ཤིང
272b4 བསྲེགས་ཏེ་ཐལ་བར་བྱེད་པ་དེ་བཞིན་དུ། འོད་གསལ་བར་ཤེས་རབ་ཡེ་ཤེས་ཡུན་རིང་པོར་རྣམ་པར་སྦྱོང་བར་བྱེད་དོ།། ཇི་ལྟར་ལྷའི་ལོ་མ་ཐལ་བར་བྱེད་པ
272b5 དེ་བཞིན་དུ། ཐབས་ཀྱི་ཡེ་ཤེས་རྣམ་པར་སྦྱོང་བར་བྱེད་དོ།། ཇི་ལྟར་རས་བལ་གྱི་འདབ་མ་བསྲེག་པ་དེ་བཞིན་དུ། སྣང་བ་ཐོབ་པའི་ཡེ་ཤེས་མཆོག་ཏུ་མྱུར
272b6 བས་རྣམ་པར་སྤོང་བྱེད་དོ།། དེ་ན་ཤིང་ཏ་ལའི་ལོ་དང་། རས་བལ་གྱི་འདབ་མ་ཐལ་བར་གྱུར་པ་དེ་བཞིན་དུ་སྟོང་པ་དང་། ཤིན་དུ་སྟོང་པ་ཉིད་དང་། སྟོང་པ
272b7 ཆེན་པོ་རྣམ་མཐར་འོད་གསལ་བར་འགྱུར།། འདི་ནི་མཐར་མཐུག་པའི་བཤད་པ་གསུང་བའོ།། བྱམས་པས་གསོལ་པ། བཅོམ་ལྡན་འདས་རྣལ་འབྱོར་གྱི་རྒྱུད་དུ།
272b8 དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཐར་དྲུག་གི་བཤད་པ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགོངས་པས་བཤད་པ་དང་། དགོད་པ།