e-texts navigator
Collection
Volume
Page
Wylie

272a1 པར་འགྱུར་རོ།། གང་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་བདེ་བས། རང་བཞིན་སྣང་བ་ཡང་དག་པར་ཉེ་བར་མཚོན་པ་དེ་ནི།། བདེ་བ
272a2 ཆེན་པོའི་གོ་ཕང་ལ་རབ་ཏུ་གནས་པར་འགྱུར་རོ།། འདི་ནི་སྦས་པའི་བཤད་པའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ།
272a3 བཅོམ་ལྡན་འདས་ཅིའི་དོན་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉན་ཐོས་ལ་སོགས་པ་འདོད་ཆགས་དང་བྲལ་བའི་ཆོས་སྤྱོད་པ
272a4 རྣམ་པར་རྟོག་པའི་བག་ཆགས་ལས་མ་གྲོལ་བ་རྣམས། རྣལ་འབྱོར་ཆེན་པོའི་རྒྱུད་དག་ཏུ། བཙུན་མོའི་བྷ་ག་ལ་བཞུགས་ཞེས་བྱ་བ་ལ་སོགས་པ། འདོད་ཆག
272a5 ཀྱི་ཆོས་གསལ་བར་བྱེད་པ། ངོ་མཚར་ཅན་གྱི་རྡོ་རྗེའི་ཚིག་སྨོད་པར་བྱེད་པ། དེ་རྣམས་དང་མི་འགལ་བའི་སྒོ་ནས་བཤད་པ་དེ་ནི། ཅིའི་དོན་དུ་བཤད་པ
272a6 གསུང་སོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་འདོད་ཆགས་སྤྱོད་པའི་ཆོས་ཀྱི་ཚུལ་མཐར་ཐུག་པར་བཤད་པ་ཇི་ལྟར་ལག
272a7 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་རྣམས་ལེགསོ་ཞེས་བྱ་བ་བྱིན་ཏེ། ལེག་སོ་ལོགསོ།། བྱང་ཆུབ་སེམས་དཔའ་ཆེན
272a8 པོ་སྙིང་རྗེ་མཆོག་ཏུ་ལྡན་པ་རྣམས་ཉོན་ཅིག། མཐའ་ནི་མུ་སྟེ། འོད་གསལ་བ་དང་། ཡང་དག་པའི་ཚུལ་ཞེས་བྱ་བ་མཐར་ཐུག་པའོ།། བྱང་ཆུབ




iiif viewer powered by OpenSeadragon

271b - 272b

Texts on this page

F420 - ye shes rdo rje kun las btus pa zhes bya ba'i rgyud