e-texts navigator
Collection
Volume
Page
Wylie

271b1 ལས་བྱུང་བ་དག་གི་ཐབ་སུ་གྱུར་པའོ།། སེམས་དང་སེམས་ལས་བྱུང་བ་སྙམ་པར་སྦྱོར་བ་བདེ་བ་ཆེན་པོ་ཏིང་འཛིན་གྱི་ཐབ་སུ་གྱུར་པའོ།། དེ་སྒྱུ་མའི་དཔེས་ཉེ་བར
271b2 མཚོན་ཏེ། དེ་ནས་སངས་རྒྱས་ཀྱི་ཞིང་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་སྒྱུ་མ་ལྟ་བུ་དང་། ཆུ་ཟླ་དང་། མིག་ཡོར་དང་། སྨིག་སྒྱུ་དང་། རྨི
271b3 ལམ་དང་། སྒྲ་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། མིག་འཁྲུལ་དང་། དབང་པོའི་གཞུ་དང་། གློག་དང་། ཆུ་བུར་དང་། མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ། སྒྱུ
271b4 མའི་དཔེ་བཅུ་གཉིས་ཀྱིས་བདེ་བ་ཆེན་པོའི་ཏི་ངེ་འཛིན་ཉེ་བར་མཚོན་པར་བྱེད་པ་ཡིན་ནོ།། ཇི་ལྟར་འོ་མ་བསྲུབ་པ་ལས་མར་དང་། ཇི་ལྟར་ཏིལ་ལས་ཏིལ་མར་ཏེ།
271b5 དེ་བཞིན་དུ་རྡོ་རྗེ་ནི་ཐབས་ཀྱི་ཡེ་ཤེས་ཉེ་བར་མཚོན་པའི་ཕྱིར་དང་། པདྨ་ནི་ཤེས་རབ་ཀྱི་ཡེ་ཤེས་ཉེ་བར་མཚོན་པའི་ཕྱིར་རོ།། ཇི་ལྟར་འོ་མ་དང་། ཏིལ་དག་ཡང་དག
271b6 པར་མངོན་པར་འདུས་བྱས་པ་མེད་པར། ཏིལ་མར་མི་འབྱུང་བ་དེ་བཞིན་དུ། སྔགས་དང་ཕྱག་རྒྱས་མངོན་པར་འདུ་བྱས་པའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་བྱས
271b7 པ་མེད་པར་འོ་རྣམ་པར་ཤེས་པ་གསུམ་ཉེ་བར་མཚོན་པར་མི་ནུསོ།། བྷ་ག་དང་ལིང་ཀ་ཡང་དག་པར་སྦྱོར་བར་མི་ནུས་པ་དེས་ནི། བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི
271b8 རྙེད་དོ།། བདེ་བ་ཆེན་པོའི་ཏིང་ངེ་འཛིན་འབའ་ཞིག་ལ་ལྷག་པར་མོས་པ་ཙམ་གྱིས། ལས་དང་པོ་པའི་ས་ལ་གནས་པར་འགྱུར་ཏེ། ཕྱིར་མི་ལྡོག་པའི་ས་ལ་ཡང་སློབ




iiif viewer powered by OpenSeadragon

271a - 272a

Texts on this page

F420 - ye shes rdo rje kun las btus pa zhes bya ba'i rgyud