e-texts navigator
Collection
Volume
Page
Wylie

271a1 ཏུ་དགའ་བ་དང་། དྲག་པོ་ལ་སོགས་པ་དང་། ཀུན་རྫོབ་དུ་མངོན་སུ་ཀྱིས་སྐྱེས་པའི་གཟུགས་དང་། ལྷའི་ཚོགས་དང་། མཚན་མ་དང་། རྡོ་རྗེ
271a2 བརྡའི་སེམས་ལས་བྱུང་བ་ལས་སེམས་ཏེ།། ཟླ་བའི་སྣང་བ་དང་། ཤིན་ཏུ་གསལ་བ་ཆུའི་ཟླ་བ་ལྟ་བུའོ།། རང་བཞིན་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པའོ།།
271a3 ཀུན་རྫོབ་དུ་ནི་མངོན་སུམ་གྱི་བུད་མེད་དང་། བྷ་ག་དང་། པདྨ་ལྷ་མོའི་ཚོགས་ཀྱི་བདའོ།། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བར་ཤེས་རབ་ཡེ་ཤེས་ལས་འབྱུང་བ་ལ
271a4 རང་གི་རྡོ་རྗེ་འབེད་པ་ལས་མེའོ།། མེ་ལས་ཆུ་སྟེ། ནུར་ནུར་པོའི་རྣམ་པ་དང་། དེ་ནས་མེར་མེར་པོ་དང་། ནར་ནང་པོ་དང་། གོར་གོར་པོ་དག་གོ། དེ་ནས་འདོད་ཆགས་དང
271a5 བྲལ་བའི་སྣང་བ་ལ།། ཁྲག་གི་གོང་བུ་འཁྲད་གྱུར་རྣམ་སོ།། དེ་ཁུ་བ་དང་ཁྲག་གིས་སྐྱེད་པའོ།། དེ་ནས་དབང་པོ་གཉིས་མཉམ་པར་སྦྱར་བ་ལས་འདོད་ཆག་སོ།། འདོད
271a6 ཆགས་ལས་འདོད་ཆགས་དང་བྲལ་བའོ།། བར་མའི་འདོད་ཆགས་རབ་ཏུ་ཤེས་པས། དེས་ན་ཤེས་པ་ཞེས་པ་ཞེས་བྱ་སྟེ། དེ་ན་རྣམ་པར་ཤེས་པ་གསུམ་ཞེས་བརྗོད་དོ།།
271a7 དེའི་ཕྱིར་ལུས་ཀྱི་ཐབསུ་གྱུར་པ། དཀྱིལ་བཀྲུང་འཆིང་བ་ལ་སོགས་པ་དང་། ཨ་ལི་ཀ་ལི་ལས་ཡང་དག་པར་འབྱུང་བའི་སྔགས་དང་། སེམས་ཀྱི་ཐབསུ་གྱུར་པ་ལྟར
271a8 དམིགས་པའོ།། གཟུགས་ལ་སོགས་པའི་ཡུལ་ནི། དབང་པོ་གཉིས་སྙོམས་པར་ཞུགས་པའི་ཐབ་སུ་གྱུར་པའོ།། རྡོ་རྗེ་པདྨ་ཡང་དག་པར་སྦྱོར་བ་ནི།། སེམས་དང་སེམས
271a9 གསུང་གི་ཕྱག་རྒྱ་ཐབ་སུ་གྱུར་པ།




iiif viewer powered by OpenSeadragon

270b - 271b

Texts on this page

F420 - ye shes rdo rje kun las btus pa zhes bya ba'i rgyud