e-texts navigator
Collection
Volume
Page
Wylie

270b1 བ་མཆོག་ཏུ་ཟབ་པ། བཅོམ་ལྡན་འདས་བཤད་དུ་གསོལ།། བདེ་བར་གཤེགས་པ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་འོད་གསལ།
270b2 བ་ལས་བྱུང་བ། རྣམ་པར་ཤེས་དེ་ཉིད། སེམས་དང་ཡིད་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། ཀ་ན་ནས་ཉོན་མོངས་པ་དང་། རྣམ་པར
270b3 བྱང་བའི་བདག་ཉིད་ཅན་ནོ།། དེ་ལ་རྟོགས་པ་གཉི་སུ་འགྱུར་ཏེ། བདག་དང་གཞན་དུའོ།། རྣམ་པར་ཤེས་པ་དེའི་གཞོན་པ་རླུང་ངོ་།། རླུང་ལས་མེའོ།། མེ་ལས་ཆུའོ།།
270b4 ཚུ་ལས་སའོ།། དེ་རྣམས་ལས་ཕུང་པོ་ལྔ་དང་། སྐྱེ་མཆེད་དྲུག་དང་། ཡུལ་ལྔ་སྟེ། དེ་དག་ཐམས་ཅད་ནི་རྣམ་པར་ཤེས་པ་རླུང་དང་འདྲེས་པའོ།། དེ་ནས་རྣམ་པར་ཤེས
270b5 བ་གསུམ་གྱི་རང་བཞིན་གྱི་སྣང་བ་རབ་ཏུ་བྱུང་བ། རབ་ཏུ་གསལ་བར་བྱེད་པ།། རྗེསུ་མྱོང་བར་བྱེད་དོ།། སྣང་བའི་རྒྱུས་རང་བཞིན་རྣམས་ཡང་དག་པར་བྱང་ངོ་།། དེ་ནས
270b6 འོད་གསལ་བ་མ་སྐྱེས་པ།། གནས་པ་མེད་པ། འགག་པ་མེད་པ། སྐྱེ་བ་མེད་པ། དོན་དམ་པའི་བདེན་པ་ཆགས་པ་མེད་པའི་མེད་པའི་མཐའ་སྟེ།། དེ་ལས་བྱུང་བའི
270b7 མུན་པའི་སྣང་བ་ནི་མ་རིག་པའོ།། དེའི་རང་བཞིན་གདབ་པ་དང་། འཁྲུལ་པ་དང་། རྣམ་པར་གཡེང་བ་དང་། དྲན་པ་མེད་པ་དང་། ལེ་ལོ་དང་། མི་སྨྲ་བ་དང་། མི་གསལ
270b8 བའོ།། མ་རིག་པ་ལས་སེམས་ཅན་རྣམས་བྱུང་བ་སྟེ། ཉི་མའི་སྣང་བ་ལྟ་བུར་ཤིན་དུ་གསལ་བ་སྨིག་སྒྱུ་ལྟ་བུ་སྟེ། དེའི་རང་བཞིན་འདོད་ཆག་དང་། དགའ་བ་དང་། མཆོན




iiif viewer powered by OpenSeadragon

270a - 271a

Texts on this page

F420 - ye shes rdo rje kun las btus pa zhes bya ba'i rgyud