e-texts navigator
Collection
Volume
Page
Wylie

270a1 ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཆགས་པ་མེད་པའི་མཐའ་རྟོགས་པ་མེད་པར་དཀའ་བཞིད། འགག་པ་མེད་པའི་སྐྱེ་བ་མེད་པ
270a2 དེའི་རྐྱེན་གྱིས་མ་རིག་པ་སྟེ།། མ་རིག་པའི་ཞེས་བྱ་བ་དང་། སྣང་བ་ཉེ་བར་ཐོབ་པ་དང་།། སྟོང་པ་ཆེན་པོའོ།། དེ་ཡང་རྟོགས་པར་དཀའ་བའོ།། འོན་ཀྱང་སྣང་བ་དང་བཅས
270a3 པས་བརྗོད་པར་བྱའོ།། མ་རིག་པའི་རྐྱེན་གྱིས་སེམས་ལས་བྱུང་བ་སྟེ།། དེ་སྣང་བ་ཆེད་པ་དང་།། ཤིན་ཏུ་སྟོང་པ་ཞེས་གསུངསོ།། སེམས་ལས་བྱུང་བའི་རྐྱེན་གྱིས
270a4 སེམས་ཏེ། དེ་ནི་སྣང་བ་དང་སྟོང་པ་སྟེ། སེམས་དང་སེམས་ལས་བྱུང་བའོ།། བདག་དང་མ་རིག་པ་ཞེས་བྱ་བ་དང་། བདག་མེད་པ་གསུམ་པོ་དེ་དང་དེ་འོད་གསལ་བ
270a5 ལས་བྱུང་བས་རྡོ་རྗེའི་ངོ་བོའོ།། དེ་ནས་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་དེའི་ཚེ་ངོ་མཚར་ཐོབ་པར་གྱུར་ཏེ། ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས
270a6 བཅོམ་ལྡན་འདས་དེ་བཞིན་གཤེགས་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་ཅད་མི་སྨྲ་བར་འདུག་པ
270a7 གཟིགས་ནས་བཀའ་སྩལ་པ། རིགས་ཀྱི་བུ་ཅིའི་ཕྱིར་ཅིང་མི་སྨྲ་བར་གྱུར་པས་འདུག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། བཅོ
270a8 ལྡན་འདས་ཀྱིས་ཞབས་གཉིས་ལ་ཕྱག་འཚལ་ཏེ་བཏུགས་ནས། གཞན་ཡང་ཞུས་པ། ཨེ་མ་ཧོ།། སྟོན་པ་རྟོགས་པར་དཀའ་བ་རྣམ་པར་ཤེས་པ་གསུམ་གྱི




iiif viewer powered by OpenSeadragon

269b - 270b

Texts on this page

F420 - ye shes rdo rje kun las btus pa zhes bya ba'i rgyud