e-texts navigator
Collection
Volume
Page
Wylie

266b1 པ་བཤད་ནས་ནི།། རྗེས་བརྒྱད་ཡན་ལག་བསྒྲུབ་པ་བཤད།། རི་ལུ་མིག་སྨན་དངོས་གྲུབ་དང་།། ས་འོག་རལ་གྲི་དངོས་གྲུབ་དང་།། མཁའ་སྤྱོད་དང་ནི་མིག་སྨན་དང་།། འཆི།།
266b2 བ་མེད་དང་ནད་འཇོམས་དང་།། མི་དང་གླང་པོ་ཆེ་དང་རྟན། གླང་དང་ཁྱི་དང་བོད་བུ་དང་།། རྔ་མོ་མ་ཧེ་སྤུད་ཁུ་རྣམས། ཆ་མཉམ་པར་ནི་བྱས་ནས་ནི། མཐེ་བོང་ཚིགས
266b3 ཚད་ཙམ་དུ་ནི།། ཤིན་དུ་མཉམ་པར་བཞག་པས་སྦར།། དྲི་ཆེན་ཆུ་དང་ཁྲག་དང་ནི།། ཤུ་ཀྲ་ནས་ཀྱི་ཚད་ཙམ་ནི།། གསང་སྔགས་བཟླས་ནས་སྦྱང་བྱས་ཤིང་།། བྱིན
266b4 གྱིས་བརླབ་པར་བྱས་ནས་ནི། ཕྱག་འཚལ་དང་ནི་ཡི་གེ་ཨ།། ཧཱུཾ་ཉིད་དབུས་སུ་བྱས་ནས་ནི།། འབར་ཞིང་འབར་བའི་ཡི་གེ་ཧྲི་ས།། དགུ་པོ་དེ་ནི་རབ་དུ་འགྲུབ།། ལན་ནི་ཉི
266b5 ཤུ་རྩ་གཅིག་ཏུ།། སྔགས་བཟླས་ནས་ནི་ཕྱེ་མར་བཏག། ཉུངས་ཀར་ལྔའི་ཚད་ཙམ་ནི།། ལྔ་དང་ལྔ་ནི་སྦྱར་བར་བྱ།། ཚེས་བརྒྱད་དང་ནི་བཅུ་བཞི་ལ།། རི་ལུ་དག་ནི
266b6 བྱས་ནས་ཀྱང་།། པད་མའི་སྣོད་དུ་བཞག་བྱས་ལ།། སྟོང་ཕྲག་བརྒྱད་ནི་བཟླས་ནས་ཀྱང་།། ཉིན་རེ་བཞིན་དུ་ལོངས་སྤྱོད་བྱ།། ཐུན་བཞིར་བསྒོམ་པ་བྱས་ནས་ནི།།
266b7 དེ་ནི་བསྐལ་བའི་མཐའ་ཡི་བར།། དངོས་གྲུབ་ཡངས་པ་ཐོབ་པར་འགྱུར།། གཟི་རྗིད་མདངས་དང་སྟོབས་བརྩོན་འགྲུས།། སྨོན་ལམ་ཡང་ནི་ལྔ་པ་སྟེ།
266b8 རི་ལུ་ཆེན་པོ་ཟོས་ན་ནི།། མངོན་པར་ཤེས་པ་ལྔ་ཡང་འཐོབ།། རྫས་ཀྱི་བསྒྲུབ་པ་གསུངས་ལགས་ན།། རིག་པའི་སྔགས་རྣམས




iiif viewer powered by OpenSeadragon

266a - 267a

Texts on this page

F419 - lha mo bzhis yongs su zhus pa