| e-texts navigator |
| Wylie |
261a1 དགོངས་ན@#། 5། འགྲོ་འོངས་གནས་དང་བྲལ་བ་ནི།། རྡོ་དངས་ནི་དབྱིག་བྱེད་པ།། ལུས་ལ་སོགས་པ་མཚོན་པ་ཡིས།། འོན་ཀྱང་དེ་ནི་གསུམ་དུ་འགྱུར།། སེམས་དང་ལུས
261a2 དང་མི་ལྡན་པའི།། དེ་བཞིན་ཉིད་ནི་འགྲོ་དོན་བྱེད།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གཅིག། གྱུར་ཀྱང་སོ་སོར་བསྟན་པ་ཡིན།། སངས་རྒྱས་རྡོ་རྗེ་ཆོས་གླམ། དེ་བཞིན་རྡོ་རྗེ་སེམས
261a3 དཔའ་རུ།། སྐུ་གསུང་ཐུགས་ཀྱི་སངས་རྒྱས་སོགས།། རྡོ་རྗེ་གསུམ་པོ་མི་ཕྱེད་རྟགས། དེ་འདས་རྨོངས་པའི་བདག་ཉིད་ཅན།། སོ་སོར་སྟོན་པ་འགས་པར་འགྱུར།། སྐུ་ལ་སོགས
261a4 པ་གྲངས་མཉམ་པར།། སངས་རྒྱས་ཀྱང་ནི་གང་རྟོགས་འགྱུར།། སྟོན་པས་ཤིན་དུ་སྦྱོར་བ་ཡང་།། དེ་ནི་གསལ་བར་ཐེ་ཚོམ་མེད།། སྣ་ཚོགས་སྦྱང་གྱུར་སྔགས་རྣམས་ནི། གང
261a5 ཞིག་སྟོང་པར་མངོན་གསུམ་བྱེད།། འདས་པ་དག་ནི་དེ་ཐམས་ཅད།། རྨོངས་པའི་བདག་ཉིད་དེ་འགས་འགྱུར།། ཉན་ཐོས་རང་སངས་རྒྱས་རྣམས་ཀྱི།། བྱང་ཆུབ་བསྡུས་ན
261a6 བཤད་པ་ཡིན།། འཇིག་རྟེན་པ་ཡི་གང་བཤད་པ།། མདོར་བསྡུས་པ་ནི་འདི་ཡིནོ།། སངས་རྒྱས་ཡང་ན་རྡོ་རྗེ་ཆོས།། ཡང་ན་རྡོ་རྗེ་སེམས་དཔའ་ཡི།། རྨོངས་པ་འདི་ལས
261a7 འདས་ནི་ན།། དེ་ནི་འགས་པར་ཐེ་ཚོམ་མེད།། དགོངས་པ་ལུང་བསྟན་ལ་གནས་ན།། གསང་བའི་དམ་པ་ཡང་དག་བསྲུང་།། ལྷུན་གྱི་གྲུབ་པའི་སྦྱོར་བ་ཡི།། དངོས་གྲུབ
261a8 མཆོག་ནི་འགྲུབ་པར་འགྱུར།། སྐུ་ལ་སོགས་པའི་གསང་མཆོག། རྡོ་རྗེ་སྦྱོར་བ་ཞེས་བྱའི།། དམ་ཚིག་པའི་མཆོག་བསྟན་པའི།། ལེའུ་བཅུ་གཉིས་གསུངས་པ་ཡིན།། དཔལ