e-texts navigator
Collection
Volume
Page
Wylie

260b1 སུ་ཐ་ད
260b2 འདས་དང་མ་འོངས་སངས་རྒྱས་རྣམས།། ཕྱོགས་བཅུ་ན་ནི་རྣམ་པར་བཞུགས།། བྱུང་དང་འབྱུང་བར་འགྱུར་རྣམས་ནི།། མི་ཕྱེད་གསུང་གི་ལམ་དུ་འགྱུར།། ཡིད་སྟོན
260b3 བདེ་བ་ཞི་བདག་ཉིད། དེ་བཞིན་ཉིད་ཤེས་ལས་བྱུང་བ།། ཡི་གེ་གཅིག་ནི་གསུམ་དྲུག་འདི།། རང་ཉིད་འགྲོ་བའི་ཁར་བརྗོད་དོ།། དེ་ཡི་བྱིན་གྱིས་བརླབ་པའི་གནས།། རྡོ་རྗེ་མི་བྱེད
260b4 རྡོ་རྗེ་ཅན།། གང་བཞན་སངས་ཀྱིས་གང་གསུང་དང་།། འགྲོ་བའི་སྔར་ནི་འབྱུ་ན་ཏུ་རྨི་ག་ཇུག་གནས་པའི་སྦྱོར་བ་དང་།། ལྡན་པ་དང་ནི་ཡང་དག་ལྡན། གསུང་གི་རྡོ་རྗེ་དངོས་མེད
260b5 པ།། དེ་ནི་སངས་རྒྱས་བྱིན་གྱིས་བརློབ།། ཇི་ལྟར་འཁོར་ལོ་རྒྱུར་རྒྱལ་ནི།། ཚིག་གིས་ལམ་གྱི་ལས་བྱེད་འཇུག། གསུང་བྱིན་བརླབས་པས་སྔགས་པར་ན་དེ་བཞིན
260b6 དོན་ཡོད་ཉིད་དུ་བྱེད།། དེར་ནི་ཡང་དག་བཤད་པ་ཡིན། བསྒྲུབ་པ་ཆེན་པོ་ཞེས་བྱའོ།། སངས་རྒྱས་དེ་རྣམས་བྱིན་བརློབ་པ། སྡོམ་པོ་ཡུལ་གྱི་དམ་པའོ།། རྡོ་རྗེ་ཐུགས་ནི
260b7 འཛིན་རྒྱལ་པོ།། དེ་ནི་བདག་ལ་བྱིན་བརློབ་མཛོད།། མི་ཕྱེད་རྡོ་རྗེ་གསུམ་སྦྱོར་བས།། ནམ་མཁའི་ཁམས་དང་མཉམ་པའི་གནས། གང་ཞིག་འབྱུང་དང་འབྱུང་འགྱུར་བའི།
260b8 ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། དེ་ཡི་བྱིན་གྱིས་བརླབ་པའི་གནས།། ལན་གསུམ་ལས་ནི་བྱུང་བ་མཛད།། སྐུ་ཡིས་སྟོན་པ་མཛད་པའི་ཆོ་ག། རང
260b9 སངས་རྒྱས་ནི་བསྒོམ་པ་ཡིན།། མདོ་སྡེ་པ་དང་ཉན་ཐོས་ཀྱི་འང་།། སྨྲ་བ་བསྒྲུབ་པ་པོར་གྱུར་ཡིན།། སེམས་ནི་རྣལ་འབྱོར་ལྡན་ཆོག་གི། འགྲོ་བའི་དོན་ནི་རབ་བསྒྲུབ་པའོ།།




iiif viewer powered by OpenSeadragon

260a - 261a

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud