e-texts navigator
Collection
Volume
Page
Wylie

260a1 གོངས་སུའཇུག་དེ་ཉིད་དབྱེ་བ་ཡི།། ལམ་ཅོན་པ་ནི་བརྟག་པ་ཡིན།། དེ་ཉིད་དེ་ནི་བསྒྲུབ་པ་མཆོག། སྡོམ་པ་ཡུལ་ཞེས་བཤད་པ་ཡིན། སྔགས་དང་དངོས
260a2 གྲུབ་མེད་དེ་བྱེད་པ།། གལ་ཏེ་འཁོར་ལོ་བསྐོར་དང་མཚུངས།། རྟོག་པ་ལས་བྱུང་དེ་འདི་ནི།། དངོས་མེད་པ་ནི་བསྒོམས་པའོ།། མ་འོངས་པའི་སྐྱེ་བོ་ནི།། ས་གཟུག
260a3 ལྷ་ལས་འདུད་པར་བྱེད།། མིག་དང་དེ་བཞིན་རྣ་བ་སྣ་ལྕེ་དང་།། དེ་བཞིན་དུ་ནི་ལུས་ངག་དང་།། ལྤགས་པ་རྐང་པར་ཡང་དག་ལྡན།། འཛིན་པ་དག་གིས་མི་མི་ནུས་པ
260a4 ལྟ་དང་ཉན་དང་དྲི་དང་རོ།། རེག་བྱ་རྣམས་ནི། དངོས་མེད་པ།། རང་བཞིན་སེམས་མེད་གྱུར་པ་ཡི།། འཇིམ་གཟུགས་སངས་རྒྱས་སྐུ་ཅན་ཏེ།། འོན་ཀྱང་འགྲོ་བའི་བླ་མའི
260a5 སྐུར། སངས་རྒྱས་བྱིན་གྱིས་བྱིན་བརླབས་ཀྱིས།། དེ་བཞིན་སྔགས་སྦྱོར་བདག་ཉིད་ཅན།། དངོས་མེད་རྡོ་རྗེའི་སྐུ་ཉིད་ཡིན། ཤིང་དང་ས་དང་རིན་ཆེན་སོགས།། རང་གི
260a6 ལྷའི་གཟུགས་བྱས་ལ།། རང་གི་ཆོས་ཆོས་ནི་སྤངས་ན་སུ། ཆོས་ནི་ལཾ་དང་སྟོད་བྱེད་པ།། སྐུ་གསུང་ཐུག་དང་ལྡན་པ་མཆོག། ཆོ་འཕྲུལ་དེ་ལ་ག་ལས་བྱུང་།། དེ་ནས
260a7 དད་སོགས་ཡང་དག་ལྡན།། སླར་ཡང་དེ་ལ་གསོལ་འདེབས་པས།། གསོལ་བ་འདེབས་པ་ཙམ་གྱིས་ནི།། དེ་དང་འདྲ་བར་ག་ལ་འགྱུར།། ཕྱི་རོལ་ཆོས་ལ་གང་ཞིག
260a8 དགའ།། ལྷ་རྣམ་ཐམས་ཅད་སྤོང་བར་ཡིན།། དེ་ལྟར་སྐུ་བྱུང་བ།། དཔལ་ལྡན་ཆོས་འདིའང་གསུང་གི་ལམ།། བྱིན་བརླབས་པ་དག་ལོངས་སྤྱད་ན།། གསུང་གི་རྡོ་རྗེ་ཅན་དུ་བྱེད།།




iiif viewer powered by OpenSeadragon

259b - 260b

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud