| e-texts navigator |
| Wylie |
259b1 ཡི་ཞག་དབྱེ་བས།། རྒྱ་ཆེར་ཡང་ནི་བཤད་པ་ཡིན།། གསང་བའི་མཆོག་ལས་བྱུང་བ་ནི།། ཟླ་བ་ཕྱེད་ཀྱིས་བསྒྲུབ་པར་གསུང་།། དེ་ཉིད་ཉེ་བར་འགྲུབ་བཤད་པའོ།། །
259b2 སྡོམ་པའི་ཡུལ་ནི་དམ་པ་ཡིན།། གང་ཚེ་ཤེས་རབ་ཐབས་ཡེ་ཤེས།། དེ་བཞིན་ཉིད་ཤེས་ལས་བྱུང་བ།། སངས་རྒྱས་སྐུ་འཛིན་དཔལ་དང་ལྡན།། རྡོ་རྗེ་མི་ཕྱེད་འོད་པོ་ཆེ།།
259b3 བྱང་ཆུབ་སྐ་གཅིག་གིས་སྦྱོར་བ།། རྡོ་རྗེ་སྐུས་ནི་ཁྱད་པར་འགྱུར། སྲོག་ལ་སོགས་དང་གྲངས་མཉམ་པའི། དཔག་མེད་ཕྱོགས་བཞུགས་སངས་རྒྱས་རྣམས་རྡོ་རྗེ་མི་ཕྱེད་གསུམ
259b4 སྒོམ་པས།། རྡོ་རྗེ་བྱིན་བརླབས་མཛད་པར་འགྱུར།། འདས་དང་མ་འོངས་སངས་རྒྱས་དང་།། གང་ཞིག་ཕྱོགས་བཅུར་བཞུགས་པ་རྣམས།། ཆོས་སྐུ་མཆོགི་རྣལ་འབྱོར་པ།། སངས
259b5 རྒྱས་དེ་དག་བྱིན་གྱིས་བརློབ།། འདས་པ་རྣམས་ནི་ཆོས་སྐུ་ཡིས།། བསམ་མི་ཁྱབ་པའི་ཕྱོགས་ན་བཞུགས།། སྔགས་མཆོག་བསམ་གྱིས་མི་ཁྱབ་པས།། མ་འོངས་རྣམས་ཀྱང
259b6 བྱིན་གྱི་རློབས།། སངས་རྒྱས་གསུམ་ལ་དབྱེ་བ་ནི།། ཅུང་ཟད་ཙམ་ཡང་ཡོད་མ་ཡིན།། འོན་ཀྱང་དངོས་མེད་ལས་བྱུང་བའི།། སྔགས་པ་ནམས་ལ་བྱིན་གྱིས་རློབ།། ཕྱོག
259b7 བཅུར་བཞུགས་པའི་སངས་རྒྱས་རྣམས།། མི་ཕྱེད་རྡོ་རྗེ་གསུམ་སྒོམ་པས།། སྐུ་ནི་དེ་ལྟ་བར་མཚན་པ།། དེ་ལྟར་བྱིན་གྱིས་རློབས་པར་མཛད།། རིག་དང་མ་རིག་ཡང་དག་ལྡན།། སྲོག
259b8 ལ་སོགས་ཏེ་བཅུ་གཉིས་བཤད་དུས་ཀྱི་ཉིད་འགྱུར་ལོ་ལ་སོགས།། དེ་ཉིད་ཟླ་བ་ལ་སོགས་འགྱུར།། ཟླ་བ་ལ་སོགས་གྲངས་མཉམ་པས།། ཉི་མ་བཅུ་གཉིས་མིང་ཅན་ཡིན།། ཁྱབ