e-texts navigator
Collection
Volume
Page
Wylie

259a1 གོངས་པ@#པའོ།། ལོ་གཅིག་གིས་ནི་འགྲོ་ལ་ཁྱབ།། དེ་ཉིད་མི་གསལ་སྦྱོར་བའོ།། གཙོ་བོ་རང་ཉིད་ཟློས་པ་ཡིན། ལ་ལ་གླང་པོ་སྤངས་ནས་ནཾ།
259a2 རྗེས་ལ་དབྱིབས་ནི་ཚོལ་བར་འདོད། དེ་བཞིན་མ་འོངས་སྔགས་པ་ནི།། ཨོཾ་ལས་བསྡོམ་པ་གཞན་དུ་འདོད།། གཅིག་གཉིས་གསུམ་དང་བཞི་དང་ལྔ།། དུས་ཐུབ་དེ་བཞིན
259a3 ནོར་ཅན་དང་།། ཕན་ཚུན་སྦྱོར་གནས་བརྗོད་པ་ལས།། བས་མི་ཁྱབ་པའི་གྲངསུ་འགྱུར།། བཅོམ་ལྡན་གཅིག་ཀྱང་དུ་མ་སྟེ།། ཚིག་ཏུ་བརྗོད་པ་རྣམ་པར་སྤངས།། བརྡ
259a4 ཙམ་དུ་ནི་ཨོཾ་ཞེས་བྱ།། དངོས་མེད་སྦྱོར་བའི་ཆོས་ཉིད་ཡིན།། ཆོས་དང་ལོངས་སྤྱོད་སྤྲུལ་པ་སྟེ། སྐུ་གསུམ་དུ་ཡང་ཡང་དག་བཤད།། གསུམ་པོ་ཡང་དག་འཛིན་པས
259a5 ན།། ད་ནི་ཨོཾ་ཀྱི་སྡོམ་པ་ཡིན།། དངོས་པོ་གཅིག་པུ་མི་བསྐྱོད་དགོད།། དེ་ཉིད་སྡོམ་པར་གྱུར་པ་ཡིན།། ངརྡ་རུ་བརྗོད་པ་རྣ་ཚོགས་པ།། བསམ་ནས་བསྡོམ་པ་ཀུན་ཏུ་བཤད།།
259a6 མི་ཕྱེད་རྡོ་རྗེ་ན་མཁའི་སྦྱོར་བ་ཡི།། བས་དང་འདོན་དང་རྣམ་པར་བྲལ།། རྟེན་འབྲེལ་རིགས་ལས་ཡང་དག་འབྱུང་།། རྗེ་བཅས་ཞེས་བྱ་དེ་སྒོམ་བྱ།། རྟག་ཏུ་འབྱུང་བའི་ཡེ
259a7 ཤེས་བཞག། དམིགས་ལ་སོགས་འདུན་བརྒྱལ་བ།། གཡས་དང་གཅིག་ཤོས་ཟླ་བྱེད་སྟེ།། ཤེས་རབ་ཐབས་ཀྱང་བསྒྲུབ་པའོ།། འདི་དག་གཟུང་འགྱུར་ཟླ་བ་སྟེ། རྡོ།
259a8 རྗེ་མིང་དང་ཕྱེད་དང་གཉིས།། དེ་ནི་སྦྱོར་བ་འདི་ཉིད་ཀྱི།། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར།། ཞག་ནི་ཐུབ་པ་ཟླ་བྱེད་སྟེ།། ཟླ་བྱེད་ཟླ་བ་ཕྱེད་གཉིས་མིན།། འཇིག་རྟེན་པ།




iiif viewer powered by OpenSeadragon

258b - 259b

Texts on this page

F418 - dgongs pa lung bstan pa zhes bya ba'i rgyud